25106

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགོན་པ་པའི་འབྲལ་བའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་སྒོམ་པ་པས་འཇིགས་པའི་དབང་གིས་ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་སྤྱོད་ཡུལ་གྱི་གྲོང་སོགས་སུ་བཞག་སྟེ་ཞག་དྲུག་འདས་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་དགོན་པ་པ་ཞིག་འཇིགས་པའི་དབང་གིས་བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་ལས་གང་རུང་གཅིག་གྲོང་དུ་བཞག་སྟེ་ཆོས་ལྡན་གྱི་བྱ་བ་ཡིན་ན། དགོན་པ་དང་གྲོང་ཉེ་འཁོར་དང་བཅས་པའི་ཕྱི་རོལ་དུ་ཞག་དྲུག་བསྡད་པ་གནང་བ་ཡིན་པ་ལ་ཞག་བདུན་པའི་སྐྱ་རེངས་ཤར་བ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་ཆོས་གོས་གྲོང་དུ་བཞག་པ་དེ་ལས་ཞག་བདུན་དུ་འབྲལ་བར་བྱེད་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་སློང་གི་ཆ་ལུགས་ཁྱད་པར་ཅན་ཉམས་པ་དང་། ཡོ་བྱད་ཀྱི་ཁྱད་པར་ཆུད་ཟོས་སུ་འགྱུར་བའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགོན་པ་པའི་འབྲལ་བའི་སྤང་ལྟུང་

|; |@@@ | | }}