25115
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དཀོན་བརྩེགས་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་མང་དུ་ཐོས་པ་ཡིན་ཏེ། ཐོས་པ་འཛིན་པ་ཆོས་རྣམ་པར་ངེས་པ་ལ་མཁས་པ། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྩོན་ཞིང་ཆོས་དང་ཆོས་ཀྱི་རྗེས་སུ་མཐུན་པ་བསྒྲུབ་པ་དེས་དགོན་པ་ལ་གནས་པར་བྱའོ། །༢ གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཉོན་མོངས་པ་ཤས་ཆེ་ན་དེས་ཉོན་མོངས་པ་རྣམས་ཞི་བར་བྱ་བའི་ཕྱིར་འགྲོགས་པ་མེད་པར་དགོན་པ་ལ་གནས་པར་བྱ་སྟེ། དེས་ཉོན་མོངས་པ་ཚར་གཅད་པར་བྱའོ། །༣ གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་མངོན་པར་ཤེས་པ་ལྔ་པོ་དག་ཐོབ་པ་ཡིན་ཏེ། དེས་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགོན་པ་ལ་གནས་པར་བྱའོ། །༤ གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་སངས་རྒྱས་ཀྱིས་དགོན་པ་ལ་གནས་པར་བྱ་སྟེ། དེར་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །དགེ་བའི་རྩ་བ་ཉེ་བར་བརྟན་ནས་ཕྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་དག་ཏུ་ཞུགས་ཏེ་ཆོས་བསྟན་པར་བྱ་བའོ། ། |
Domain | ཆོས་ལུགས། |
{{#arraymap:དགོན་པར་གནས་པ་གནང་བའི་ཆོས་བཞི་
|; |@@@ | | }}