25120

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགོན་ལུང་ (1)
Part of speech མིང་ཚིག
Definition བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཞིག་སྟེ། རབ་བྱུང་བཅུ་པའི་ཤིང་འབྲུག་ལོར་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་བཏབ་པ་དང༌། ཕྱིས་ལྕང་སྐྱ་དང་ཐུའུ་བཀྭན་ཧོ་ཐོག་ཐུའི་བསྟི་གནས་དགོན་པ་ཞིག མདོ་སྨད་ཀྱི་དགོན་ཆེན་འདི་ཉིད་ཀྱི་ཐོག་མའི་ཆགས་ཚུལ་ལྟར་ན་བོད་རབ་བྱུང་བཅུ་པའི་ཆུ་ལུག(༡༥༨༣)ལོར་རྒྱལ་དབང་་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་སྐབས་ཀྲེ་ཅ་ཞེས་པའི་སར་ཕེབས་ལམ་འཁེལ་ཞིང༌། ས་འདིར་ཕེབས་འབྱོར་སྐབས་ཕྱིས་སུ་ས་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བའི་སྐྱེས་བུ་དམ་པ་འབྱུང་བར་ངེས་ཞེས་ལུང་བསྟན་གནང་མྱོང་བ་དང༌། བོད་རབ་བྱུང་བཅུ་པའི་ཆུ་ཡོས(༡༦༠༣)ལོར་རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་སོག་ཡུལ་ནས་དབུས་གཙང་དུ་ཕེབས་པའི་ལམ་བར་ས་གནས་འདིར་ཕེབས་སྐབས་ས་གནས་དེ་གའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ས་དེར་དགོན་གནས་ཤིག་ཕྱག་འདེབས་དགོས་པའི་རེ་བ་ཞུས་པར་ཞལ་བཞེས་ཐོབ་རུང་སྐབས་དེར་རྒྱུ་རྐྱེན་དུ་མའི་དབང་གིས་མྱུར་འགྲུབ་མ་ཐུབ་ཅིང༌། དེའི་ཕྱི་ལོ་ཧུའུ་ཀྲུའུ་ཧོར་རིགས་ཕྱོགས་ཁ་བཅུ་གསུམ་གྱི་འགོ་དཔོན་རྣམས་དབུས་གཙང་དུ་སོང་ནས་བསྐྱར་དུ་རེ་བ་ཞུས་པར། རྒྱལ་བ་རིན་པོ་ཆེ་དང་ཕཎ་ཆེན་རིན་པོ་ཆེ་རྣམ་གཉིས་ནས་རྒྱལ་སྲས་སྐུ་ཕྲེང་བདུན་པ་དོན་ཡོད་ཆོས་ཀྱི་རྒྱ་མཚོ་མངགས་ཏེ་ཤིང་འབྲུག(༡༦༠༤)ལོར་དགོན་པ་ཕྱག་བཏབ། ཐོག་མའི་དུས་སུ་མཚན་ཉིད་གྲྭ་ཚང་གཅིག་པུ་ལས་མེད་ཀྱང་ཕྱིས་སུ་ལྕང་སྐྱ་དང༌། ཐུའུ་བཀྭན། འཇམ་དབྱངས་བཞད་པ་བཅས་ཀྱིས་རྒྱུད་པ་གྲྭ་ཚང་བཙུགས་ཏེ་བཤད་སྒྲུབ་ཟུང་འབྲེལ་གྱི་ཆོས་སྡེར་གྱུར་ཐོག་གྲྭ་གྲངས་བརྒྱ་ལྷག་ཟིན། འདུ་ཁང་ཆེ་ཆུང་དང༌། ནང་ཆེན(བླ་བྲང)གྲྭ་ཤག་སོགས་ཉིས་སྟོང་ལྷག་དང་གྲྭ་གྲངས་བདུན་སྟོང་བདུན་བརྒྱ་བར་འཕེལ་རྒྱས་བྱུང་། སོག་པོ་ཆིན་ཝང་བློ་བཟང་བསྟན་འཛིན་གྱིས་མན་ཇུ་གོང་མའི་གཞུང་ལ་ངོ་རྒོལ་སྐབས་དགོན་པ་ཤུལ་མེད་བཏང་། དེ་རྗེས་དགོན་པ་བསྐྱར་གསོ་བྱས་ཏེ་གྲྭ་པ་ཉིས་བརྒྱ་ཙམ་ཡོད་ཅིང། སྔར་གྱི་དགོན་མིང་བསྒྱུར་ཏེ་དབྱིག་གཉེན་དགོན་ཞེས་བཏགས། དེ་རྗེས་ས་གནས་དེའི་ཧོས་རིགས་ཀྱིས་མན་ཇུར་ངོ་རྒོལ་སྐབས་སླར་ཡང་དགོན་པ་དེར་ཉམས་ཆག་ཚབས་ཆེན་ཐེབས། དེ་རྗེས་ཐུའུ་བཀྭན་སྐུ་ཕྲེང་དྲུག་པ་བློ་བཟང་དབང་ཕྱུག་རྒྱ་མཚོར་དགོན་ལུང་དགོན་པ་གསར་བཞེངས་ཀྱི་ཐུགས་འགན་བཞེས་ཏེ་སྔ་ཕྱིར་ལོ་ངོ་བཅོ་ལྔའི་ནང་བསྐྱར་གསོ་ལེགས་འགྲུབ་བྱུང་ཞིང༌། ཐེངས་འདིར་འདུ་ཁང་དང༌། ལྷ་ཁང༌། ནང་ཆེན། གྲྭ་ཤག་བཅས་ལྔ་བརྒྱ་ལྷག་དང་གྲྭ་གྲངས་ཆིག་སྟོང་ལྷག་ཟིན། དེའི་རྗེས་ནས་བཟུང་དགོན་གནས་འདི་ཉིད་གང་ཅིའི་ཆར་སྟོབས་འབྱོར་ཇེ་ཞན་དུ་སོང་སྟེ་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་པའི་ནང་གྲྭ་གྲངས་ཉིས་བརྒྱ་ལྷག་ལས་མེད་པ་མ་ཟད། དུས་ཕྱིས་རིག་གནས་གསར་བརྗེའི་སྐབས་ཉམས་ཆག་ཚབས་ཆེན་ཐེབས།

{{#arraymap:དགོན་ལུང་

|; |@@@ | | }}