25145

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགོས་པ་དྲུག་གི་རང་བཞིན་བཤད་པ་ (1)
Part of speech མིང་ཚིག
Definition དང་པོར་ཡིད་ཕམ་ངེས་འབྱུང་སྐྱེ་དགོས་ཏེ། ། ཡུལ་ལ་མི་འཇུག་ཆོས་ལ་དམིགས་པ་དགོས། །དེ་ནས་ཤེས་པ་ངལ་གསོ་ཤེས་དགོས་པས། །རྒྱལ་བའི་སྐུ་གསུང་ཐུགས་སུ་གློད་ཤེས་དགོས། །དེ་ནས་སེམས་ལ་དབུགས་ཆེན་འབྱིན་དགོས་ཏེ། །རྟོགས་པའི་གདེང་གིས་ཉམ་ང་མེད་པ་དགོས། །དེ་ནས་བློ་མཆོག་བདེ་ཆེན་ཐོབ་དགོས་ཏེ། །ཀ་དག་ས་ལ་མངོན་དུ་གྱུར་པ་དགོས། །དེ་ནས་བདེ་བ་གཞན་ལ་སྤེལ་དགོས་ཏེ། ། འཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན་པ་དགོས། །དེ་ནས་མི་ལྡོག་ས་ལ་གནས་དགོས་ཏེ། །ལྷུན་གྲུབ་ཕྱག་རྒྱ་མངོན་དུ་གྱུར་པ་དགོས། ། དགོས་པ་དྲུག་གིས་མཐར་ཕྱིན་བྱ་བ་གཅེས། །
Domain ཆོས་ལུགས།

{{#arraymap:དགོས་པ་དྲུག་གི་རང་བཞིན་བཤད་པ་

|; |@@@ | | }}