25151

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགོས་པའི་ཆོས་དྲུག་ལེགས་པར་བསམ་པ་ (1)
Part of speech མིང་ཚིག
Definition འཁོར་བའི་འཁྲུལ་སྣང་འདི་ལ་སྐྱུག་ལོག་པ། ། རོ་མྱགས་འདབ་མཐོང་ལྟ་བུའི་ཞེན་ལོག་དགོས། ། མི་དགེ་ལས་ཅན་རྣམས་ལ་འཛིན་པ་ནི། །བག་མ་ཡོང་མ་ཐག་འདྲ་བག་ཡོད་དགོས། ། ཆོས་མིན་ལས་ལ་འགྱོད་པའི་བློ་སྐྱེས་པས། །སྐྱེས་བུ་དུག་འཐུངས་སྡུག་བསྔལ་དྲན་འདྲ་དགོས། །ཉོན་མོངས་སྤང་བྱ་ཟིལ་གྱིས་གནོན་ནུས་པ། ། རི་དྭགས་རྒྱལ་པོ་འདྲ་བའི་གཉེན་པོ་དགོས། །རྣམ་རྟོག་ཅི་སྐྱེས་རང་སར་གྲོལ་ནུས་པ། །ལན་ཚྭ་ཆུ་ཐིགས་འདྲ་བའི་ཐུག་ཕྲད་དགོས། །ཆོས་དང་ཆོས་མིན་ལེགས་པར་འབྱེད་ཤེས་པ། །ངང་པའི་མཆུ་དང་འདྲ་བའི་ཤེས་རབ་དགོས། །དེ་དྲུག་ལྡན་ན་དམ་ཆོས་ཀུན་དང་མཐུན། །ཞེས་སོ། །

{{#arraymap:དགོས་པའི་ཆོས་དྲུག་ལེགས་པར་བསམ་པ་

|; |@@@ | | }}