25160

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགོས་འགྲེལ་ངག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགོས་འགྲེལ་ངག་བསྟན་དགོས་ཀྱི་གདུལ་བྱ་ལ་བསྟན་ཆོས་ལུས་ལ་ཐོས་སོགས་འཇུག་པའི་ཆེད་དུ་བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་ཡོད་པར་བསྟན་པའི་ངག་ཅིག་ལ་ཟེར། དགོས་འབྲེལ་བཀོད་པའི་དགོས་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ཡོད་དེ། བསྟན་བཅོས་ལ་དགོས་སོགས་ཆོས་བཞི་མེད་དམ་སྙམ་པའི་ལོག་རྟོག་བསལ་ནས། ཡོད་པར་གོ་བ་དེ་དེའི་དགོས་པ་ཡིན་པའི་ཕྱིར་ཏེ། ཊཱིཀྐ་ལས། འདུལ་བའི་མདོ་འདིའི་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པར་དོགས་པ་སྤང་བའི་ཕྱིར་འབྲེལ་པ་བཤད་དོ། །འདོད་པའི་དོན་འགྲུབ་པའི་ཕྱིར་དགོས་པའི་ཡང་དགོས་པ་བསྟན་ཏོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགོས་འགྲེལ་ངག་

|; |@@@ | | }}