25164

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགོས་འབྲེལ་ངག་གདུལ་བྱ་གང་ལ་བསྟན་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགོས་འབྲེལ་གྱི་ངག་བསྟན་ན་བསྟན་བཅོས་ལ་ཐོས་སོགས་ཀྱི་འཇུག་ལ་མ་བསྟན་ན་མི་འཇུག་པའི་གདུལ་བྱ་དེ་ལ་དགོས་འགྲེལ་ངག་བསྟན་པ་ཡིན་ནོ། །པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དྲུག་པ་གདུལ་བྱ་གང་ལ་བསྟན་པ་ཡོད་དེ། དགོས་འབྲེལ་གྱི་ངག་བསྟན་ན་བསྟན་བཅོས་ལ་འཇུག་ལ། མ་བསྟན་ན་མི་འཇུག་པའི་གདུལ་བྱ་ལ་བསྟན་པར་བྱ་བ་ཡིན་གྱི། བསྟན་རུང་མ་བསྟན་རུང་བསྟན་བཅོས་ལ་མི་འཇུག་པ་དང་། འཇུག་པ་དང་། མ་བསྟན་ན་འཇུག་བསྟན་ན་མི་འཇུག་པའི་གདུལ་བྱ་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། དང་པོ་ལ་བསྟན་པ་ལ་དགོས་པ་མེད། གཉིས་པ་ལ་བསྟན་མི་དགོས། གསུམ་པ་ལ་བསྟན་ན་ཉེས་པ་ཆེན་པོར་འགྱུར་བའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགོས་འབྲེལ་ངག་གདུལ་བྱ་གང་ལ་བསྟན་པ་

|; |@@@ | | }}