25165

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགོས་འབྲེལ་ངག་གི་དགོས་སོགས་ཆོས་བཞི་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། གདུལ་བྱ་བསྟན་བཅོས་ལ་འཇུག་པའི་ཐབས་སྟོན་པའི་དགོས་འགྲེལ་ངག་གི་དགོས་པ་བརྗོད་བྱ་ཉིང་དགོས་འབྲེལ་བ་བཞི་ལ་ཟེར། པཎ་ཆེན་གྱི་གདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་བཞི་ཚན་གཉིས་པའི་དོན་བཤད་དུ་ཡོད་དེ། བསྟན་བཅོས་ཀྱི་དགོས་སོགས་ཆོས་བཞི་དགོས་འབྲེལ་ངག་གི་བརྗོད་བྱ། ངག་དེ་ལ་བརྟེན་ནས་བསྟན་བཅོས་ལ་དགོས་སོགས་ཆོས་བཞི་ཡོད་པར་རྟོགས་པ་དགོས་པ། དེ་ལ་བརྟེན་ནས་གདུལ་བྱ་བསྟན་བཅོས་ལ་འཇུག་པ་ཉིང་དགོས། ཉིང་དགོས་དགོས་པ་ལ་རག་ལས། དགོས་པ་ངག་འདི་ལ་རག་ལས་པ་འབྲེལ་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགོས་འབྲེལ་ངག་གི་དགོས་སོགས་ཆོས་བཞི་

|; |@@@ | | }}