25166

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགོས་འབྲེལ་ངག་གིས་བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་བསྟན་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། གདུལ་བྱ་བསྟན་བཅོས་ལ་འཇུག་པའི་ཐབས་དགོས་འབྲེལ་ངག་གིས་བསྟན་བཅོས་ལུས་ཀྱི་དགོས་པ་བརྗོད་བྱ་ཉིང་དགོས་འབྲེལ་བ་བཅས་བསྟན་པ་ལ་ཟེར། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་བསྟན་ཚུལ་ཡོད་དེ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་གསུངས་པའི་དགོས་འབྲེལ་ངག་གི་ནང་ཚན་ངེས་པར་འབྱུང་བ་ཞེས་པས་ཉིང་དགོས་དངོས་སུ་བསྟན་ཅིང་། ཚུལ་ཁྲིམས་ཞེས་པས་བརྗོད་བྱ་དངོས་སུ་བསྟན་ནས་དགོས་པ་དང་འབྲེལ་བ་ཤུགས་ལ་བསྟན་པའི་ཕྱིར་ཏེ། ཊཱིཀྐ་ལས། བརྗོད་པར་བྱ་བ་དང་། དགོས་པའི་ཡང་དགོས་པ་ནི་ཚུལ་ཁྲིམས་དང་ངེས་པར་འབྱུང་བའི་སྒྲ་གཉིས་ཀྱིས་གོ་རིམ་བཞིན་དུ་དངོས་སུ་བསྟན་ལ། འབྲེལ་བ་དང་དགོས་པ་ནི་ཤུགས་ཀྱིས་བསྟན། ཞེས་གསུངས་པའི་ཕྱིར། ཞེས་གསལ།
Domain ཆོས་ལུགས།

{{#arraymap:དགོས་འབྲེལ་ངག་གིས་བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་བསྟན་པ་

|; |@@@ | | }}