25169

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགོས་སོགས་ཆོས་བཞིའི་དབྱེ་བ་ (1)
Part of speech རྒྱན་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགོས་སོགས་ཆོས་བཞིའི་ནང་གསེས་སོ་སོར་ཕྱེས་པ་ཞིག་ལ་ཟེར། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་དབྱེ་བ་ལ་བཅུ་གཉིས་སུ་ཡོད་དེ། ངག་ཙམ་ལ་ཡོད་པའི་དགོས་སོགས་ཆོས་བཞི། དགོས་འབྲེལ་ངག་གི་དགོས་སོགས་ཆོས་བཞི། བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་རྣམས་སུ་ཡོད་པའི་ཕྱིར། ཆོས་བཞི་ལ་ནང་གསེས་ཀྱིས་ཕྱེ་ན་བརྒྱད་དུའང་འགྱུར་ཏེ། བརྗོད་བྱ་ལ་དངོས་ཀྱི་བརྗོད་བྱ་དང་། ཞེན་པའི་བརྗོད་བྱ་གཉིས། དགོས་པ་ལ་རྣམ་བཅད་ཡོངས་གཅོད་ཀྱི་དགོས་པ་གཉིས། ཉིང་དགོས་ལ་གནས་སྐབས་དང་མཐར་ཐུག་གི་ཉིང་དགོས་གཉིས། འབྲེལ་པ་ལ་དངོས་དང་བརྒྱུད་པའི་འབྲེལ་པ་རྣམ་པ་གཉིས་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགོས་སོགས་ཆོས་བཞིའི་དབྱེ་བ་

|; |@@@ | | }}