25170
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། ཇོ་ནང་། ཀུན་མཁྱེན་དོལ་པོ་བའི་ཕར་ཕྱིན་མདོ་ལུགས་མ་ལས། དེ་ལ་དེང་སང་ཡིག་ཆ་ཕལ་ཆེ་བ་རྣམས་སུ་དགོས་འབྲེལ་གྱི་ཆོས་བཞིར་གྲགས་ཤིང་། འཆད་ལུགས་ཀྱང་ཅི་རིགས་པར་མཐོང་བའི་ཕྱིར། ཡིད་ཆེས་པའི་གནས་སུ་མི་འཛིན་ཏོ། །གཞུང་འདི་ནི་ས་བཅུ་པས་མཛད་པ་ཡིན་པའི་ཕྱིར། དགོས་འབྲེལ་ཡང་ས་བཅུ་པ་རྣམས་ཀྱི་རྗེས་སུ་འབྲང་སྟེ་བསྟན་པར་བྱ་དགོས་སོ། །འདི་ལ་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། འབྲེལ་བ་དང་། དགོས་པ་དང་། དགོས་པའི་དགོས་པ་སྟེ་རྣམ་པ་ལྔའོ། ། ཇོ་ནང་ས་བཟང་མ་ཏི་པཎ་ཆེན་གྱི་མངོན་པ་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། འབྲེལ་བ་དང་། དགོས་པ་དང་། དགོས་པའི་དགོས་པ་སྟེ་ལྔར་གསུངས་པས་དངོས་པོ་ལ་གྲུབ་པའི་གྲངས་དང་གོ་རིམ་ངེས་པ་མེད་ཅིང་། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:དགོས་སོགས་ཆོས་ལྔ་
|; |@@@ | | }}