25205
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྟག་ལུང་པའི་གདན་རབས་བཞི་པ་དང་། སྟག་ལུང་མར་ཐང་གི་གདན་རབས་དང་པོ་ཡིན། ཕྱི་ལོ་ ༡༢༥༡ ལོར་མདོ་ཁམས་སུ་ཡབ་གྭ་ཟི་རིན་ཆེན་རྡོ་རྗེ་དང་ཡུམ་བཙད་བཟའ་ཇོ་དར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། །ཤིང་སྟག་ཕྱི་ལོ་ ༡༢༥༤ ལོར་ཡབ་ཡུམ་འཁོར་བཅས་དབུས་སུ་བྱོན། དགུང་གྲངས་བཅུ་གཉིས་པ་ཆུ་ཕོ་ཁྱིའི་ལོ་མེ་ཏོག་མཆོད་ཟླའི་ཡར་ངོའི་ཚེས་བརྒྱད་ཉིན་གདན་ས་སྟག་ལུང་རྡོ་རྗེའི་གདན་དུ་མཁན་པོ་ཐང་དཀར་བ་དང་སློབ་དཔོན་མཁན་དབོན་པ། དད་པའི་དགེ་འདུན་དང་བཅས་པ་ལས་རབ་ཏུ་བྱུང་སྟེ། མཚན་སངས་རྒྱས་ཡར་བྱོན་གྱིས་གླེགས་བུ་ལ་ཕྱག་བྲིས་བཀོད་དེ། གྲགས་པ་དཔལ་འོད་ཟེར་བཟང་པོ་ཞེས་བསྩལ་བ་དེ་ཉིད་གསོལ ། ཆུ་སྤྲེལ་ཕྱི་ལོ་ ༡༢༧༢ ལོར་སྟག་ལུང་པའི་གདན་སའི་ཁྲི་ལ་འཁོད་དེ་སངས་རྒྱས་ཡར་བྱོན་གྱི་གདུང་རྟེན་ཆེན་མོ་སྐུ་འབུམ་ལྷོ་མ་ཕྱི་ནང་རྒྱ་ཕིབས་དང་བཅས་པ་གསར་དུ་བཞེངས། ཆུ་བྱ་ཕྱི་ལོ་ ༡༢༧༣ ལོར་གདན་ས་གཅུང་བཀྲ་ཤིས་བླ་མ་ལ་གཏད་ཅིང་། ཡར་བྱོན་གྱིས་གནང་བའི་རྟེན་སྐལ་རྣམས་དང་ཐུན་ཁང་ནས་སྔགས་རྒྱུན་མ་ཆད་པ་དང་ནག་ཚང་ནས་མེ་རྒྱུན་མ་ཆད་པ་སོགས་བསྣམས་ཏེ་ཁམས་སུ་ཕེབས་ནས་མེ་བྱི་ཕྱི་ལོ་ ༡༢༧༦ ལོར་སྟག་ལུང་མར་ཐང་དབྱི་ཤོད་དཔལ་གྱི་རི་བོ་ཆེའི་ཆོས་གྲྭ་གསར་ཏུ་བཏབ་ཅིང་བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་མེ་སྤྲེལ་ཕྱི་ལོ་ ༡༢༩༦ ལོའི་བོད་ཟླ་དགུ་པའི་ཚེས་གསུམ་དགོང་མོར་ཚུར་ཡོང་དུས་ཀྱང་ཧེ་རུ་ཀའི་ཆས་བྱས་ནས་ཡོང་བ་ཡིན། ད་ཕར་འགྲོ་དུས་ཀྱང་ཧེ་རུ་ཀའི་ཆས་བྱས་ནས་འགྲོ་དགོས་གསུངས་ཏེ། རུས་པའི་རྒྱན་དྲུག་སྐུ་ལ་གསོལ་ཞིང་ཕྱག་གཉིས་བསྣོལ་སྟབས་ཀྱིས་རྡོ་དྲིལ་བཟུང་ནས་རྡོ་རྗེ་འཆང་གི་བཞུགས་སྟངས་ངང་སྐུ་གཤེགས། གནས་ལུགས་རིག་འཛིན་དགའ་སྟོན་དང་ཐུབ་བསྟན་རྣམ་རྒྱལ་གོས་བཟང་སོགས་གསུང་རྩོམ་པོད་བཅུ་གསུམ་མངའ་ཞིང་། སྐུ་ཞང་ལྷ་རིན་པོ་ཆེ་བསོད་ནམས་དཔལ་དང་ཁོ་ཡོ་རྒྱལ་མཚན་སོགས་བུ་སློབ་ཀྱང་མང་དུ་བྱོན་པར་སྣང་། |
{{#arraymap:དགྱེས་མཛད་སངས་རྒྱས་དབོན་པོ་
|; |@@@ | | }}