25268
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དགྲ་བཅོམ་འབྲས་གནས་དེ་དག་དབང་པོའི་བྱེ་བྲག་གིས་རྣམ་པར་དབྱེ་བ་རྣམས་ཏེ། སངས་རྒྱས་དང་རང་སངས་རྒྱས་གཉིས་དང་། ཡོངས་སུ་ཉམས་པའི་ཆོས་ཅན། འཆི་བར་སེམས་པའི་ཆོས་ཅན། རྗེས་སུ་སྲུང་བའི་ཆོས་ཅན། གནས་པ་ལས་མི་བསྐྱོད་པ། རྟོགས་པའི་སྐལ་བ་ཅན་ཏེ་ལྔ་དང་། མི་གཡོ་བ་ལ་སྦྱངས་པ་ལས་གྱུར་པ་དང་། དང་པོ་ནས་མི་གཡོ་བའི་ཆོས་ཅན་ཏེ་གཉིས་དང་བཅས་ཏེ་དགུའོ། །དེ་ལ་སངས་རྒྱས་གཉིས་ནི་མི་གཡོ་བའི་བྱེ་བྲག་ཁོ་ན་ཡིན་ལ་གཉིས་ཀའི་ཆ་ལས་གྲོལ་པ་ཡང་ཡིན་ནོ། །འཕགས་པའི་གང་ཟག་དེ་དག་དགུར་བཞག་པ་ནི་དབང་པོ་རྟུལ་པོ་དང་འབྲིང་པོ་དང་རྣོན་པོ་གསུམ་པོ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་རྣམ་པ་དགུ་ཅན་ཡིན་པའི་ཕྱིར། དེ་ལ་ཉམས་པའི་ཆོས་ཅན་དང་འཆི་བར་སེམས་པ་དང་རྗེས་སུ་བསྲུང་བའི་ཆོས་ཅན་གསུམ་ནི་དབང་པོ་རྟུལ་པོའི་ཆུང་འབྲིང་ཆེན་པོ་གསུམ་དང་། གནས་པ་ལ་མི་བསྐྱོད་པ་དང་རབ་ཏུ་རྟོགས་པའི་སྐལ་བ་ཅན་དང་སྦྱངས་པ་ལས་གྱུར་པའི་མི་གཡོ་བ་གསུམ་ནི་དབང་པོ་འབྲིང་པོའི་ཆུང་འབྲིང་ཆེན་པོ་གསུམ་དང་། དང་པོ་ནས་མི་གཡོ་བའི་ཆོས་ཅན་དང་རང་སངས་རྒྱས་དང་སངས་རྒྱས་གསུམ་ནི་དབང་པོ་རྣོན་པོའི་ཆུང་ངུ་འབྲིང་ཆེན་པོ་གསུམ་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:དགྲ་བཅོམ་འབྲས་གནས་དགུ་
|; |@@@ | | }}