25293
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཆོས་ལ་ངེས་འབྱུང་དད་བ་སྐྱེས་པའི་ཚེ། །གཉེན་འདུན་གྲོས་འདེབས་བརྩེ་གདུང་དགྲ་རུ་སྡང༌། །འཁོར་བའི་བྱ་བ་ཐམས་ཅད་སྤང་བའི་ཚེ། །ཆགས་ཞེན་འཁྲི་བར་རང་གི་དགྲ་རུ་སྡང༌། །ཆོས་སྤྱོད་ཟས་ནོར་སྦྱིན་གཏོང་བྱས་པའི་ཚེ། །གཞན་གྱིས་ཁར་འདྲེན་རློམ་སེམས་དགྲ་རུ་སྡང༌། །ཟབ་མོའི་གདམས་ངག་ཉམས་སུ་ལེན་པའི་ཚེ། །ཡིད་གཉིས་སོམ་ཉི་ཐེ་ཚོམ་དགྲ་རུ་སྡང༌། །གོང་འཕེལ་ཉམས་ཀྱི་དྲོད་རྟགས་ཤར་བའི་ཚེ། །དགའ་བྲོད་ཞེན་འཛིན་དམིགས་བཅས་དགྲ་རུ་སྡང༌། །སྣ་ཚོགས་ཡོན་ཏན་འཆར་སྒོ་ཕྱེད་པའི་ཚེ། ང་རྒྱལ་རློམ་སེམས་རང་མཐོང་དགྲ་རུ་སྡང༌། །ལྡང་བའི་དགྲ་ལ་བག་ཟོན་བྱ་བ་གཅེས། །བྱམས་སེམས་བཟོད་པ་བསྒོམ་པའི་གོ་ཆ་མཆོག ། ཅེས་སོ། ། |
Domain | ཆོས་ལུགས། |
{{#arraymap:དགྲ་ལ་བག་ཟོན་བྱ་བའི་ཆོས་དྲུག་
|; |@@@ | | }}