25312
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྤྱིར་ཆུང་མའི་སྲོག་ལུས་དབང་ཀླུང་གི་ཁམས་ཀྱིས་ཁྱོ་ཀའི་དེ་དག་གི་ཁམས་ལ་ཕར་འཐབ་ན་དགྲ་ཕྲད་ཡིན་པའི་ཁྱོ་ཀ་ལ་ཟེར་ཞིང་། བྱེ་བྲག་ཏུ་མཐུན་སྦྱོར་བག་མའི་རྩིས་འདིར་ལུས་དབང་གཉིས་ཆུང་མ་གཙོས་བས་ཆུང་མའི་རང་ལོའི་ལུས་དང་དབང་ཐང་གི་ཁམས་ཀྱིས་ཁྱོ་ཀའི་དེ་གཉིས་ཀྱི་ཁམས་ལ་ཕར་འཐབ་ནས་ཚུར་གཅོད་མིན་བརྟག་པ་གཅེས་པ་ཡིན། དེ་གཉིས་ལས་ལུས་ཁམས་དགྲར་འགྲོ་བ་ལུས་དགྲའི་ཁྱོ་ཀ་ཡིན་ན། སྤྱིར་ལོ་མི་ཐུབ་པའི་བུ་ཚ་གཅོང་ཆེན་ནད་གཞི་ཅན་ནམ་དབང་པོ་སྐྱོན་ཅན་སྐྱེ་བས། བཟློག་པའི་བཅོས་སུ་ལུས་བསྐྱེད་འཁོར་ལོ་ཆུང་མར་གདགས་དགོས་ལ། སྲིད་བཅོས་དང་། ལུས་གསོའི་རྟེན་འབྲེལ་ཆོ་ག སྲིད་མཁར་འཛུགས་པ་བཅས་ཀྱི་རིམ་གྲོ་ཡང་བསྒྲུབ་དགོས། དགྲར་འགྲོ་སའི་ལུས་ཁམས་འབྱུང་བ་ལྔ་ལས་གང་ཡིན་གྱི་ཁྱད་པར་གྱིས་བྱེ་བྲག་ཏུ་ཕྱེས་པའི་འབྲས་བཅོས་ནི་བཻ་དཀར་ལས། གོས་མདོག་རང་ལུས་མ་དང་བསྟུན། །རྒྱ་ཤོག་གསེར་རམ་མཚལ་གྱིས་ནི། །སྔགས་བྲིས་གོས་ཀྱི་གོང་བར་བཅུག །ཅེས་གསུངས་པ་ལྟར་ཡིན་ལ། འབྲི་ཡུལ་དེའི་སྟེང་དུ་འབྲི་རྒྱུའི་རུས་སྦལ་རང་སྐད་ཀྱི་སྔགས་ནི་ཧཱུཾ་ཏྲཾ་ཡལ་བསྐྱེད་མེ་རཾ་ཏྲཾ་ཡལ་བྲུཾ་ཡ་བསྐྱེད་ཅེས་པ་འདི་ཡིན། དབང་ཁམས་དགྲར་འགྲོ་བ་དབང་ཐང་དགྲའི་ཁྱོ་ཀ་ཡིན་ན། སྤྱིར་ཕྱི་ནས་གསེར་གྱི་སྦྲམ་རྙེད་ཀྱང་ནང་དུས་རྡོ་བོང་པར་འགྲོ་བ་ལྟ་བུའི་ནོར་མི་ཆགས་པས། བཟློག་པའི་བཅོས་སུ་དབང་བསྐྱེད་འཁོར་ལོ་ཆུང་མར་གདགས་དགོས་ལ། གཡང་འགུགས་དང་། དབང་ཐང་བསྐྱེད་པའི་གཏོ་ཆོག ནོར་ལྷའི་རྟེན་འཛུགས་པ། སྦྱིན་པ་རྒྱ་ཆེར་གཏོང་བ། ནོར་རྒྱུན་སྒྲོག་པ་བཅས་ཀྱི་རིམ་གྲོ་ཡང་བསྒྲུབ་དགོས། དགྲར་འགྲོ་སའི་དབང་ཁམས་འབྱུང་བ་ལྔ་ལས་གང་ཡིན་གྱི་ཁྱད་པར་གྱིས་བྱེ་བྲག་ཏུ་ཕྱེས་པའི་འབྲས་བཅོས་ནི་བཻ་དཀར་ལས། དབང་མེ་ཡིན་ན་ཙནྡན་དང་། །ལྕགས་ལ་བྱང་བུ་ཤིང་ཡིན་ན། །རང་སྤར་ཤིང་བྱང་ཆུ་ཆུ་ཤེལ། །ས་རྡོ་དག་ལ་སྔགས་བྲིས་ཏེ། །ལུས་བཅིང་ཞེས་གསུངས་པ་ལྟར་ཡིན་ལ། འབྲི་ཡུལ་དེ་དག་གི་སྟེང་དུ་འབྲི་རྒྱུའི་རུས་སྦལ་རང་སྐད་ཀྱི་སྔགས་ནི་ཨོཾ་སྤེལ་སྤེལ་ཡལ་ཡལ་རཾ་དཔུངས་རཾ་དཔུངས་འདུ་འདུ་ཧེ་ཧེ་འདུ་ཞེས་པ་འདི་ཡིན། འདི་ལྟར་ཆུང་མའི་ལུས་དབང་གཉིས་གཙོ་བོར་བཟུང་སྟེ་ཁྱོ་ཀའི་དེ་གཉིས་ཀྱིས་ཚུར་གཅོད་མིན་བརྟག་དོན་ནི། བུས་པ་ཐང་ཐང་བཙའ་བ་ལ་མའི་ལུས་དང་། ཁྱིམ་དུ་བཟའ་བཏུང་གཡོ་སྐོལ་གྱི་ནང་ལས་བྱེད་པ་ལ་དབང་ཐང་ཡག་དགོས་ཤིང་། རང་རེའི་བོད་ཀྱི་སྲོག་རྒྱུན་གྱི་འཚོ་བ་རོལ་སྟངས་ལ་ལས་དེ་དག་བགྱིད་མཁན་ཆུང་མ་ཡིན་པས་ཡིན། དཔེར་ན་ཁྱོ་ཀ་མེ་ཁྱི་ལོ་པ་དང་ཆུང་མ་ལྕགས་ཡོས་ལོ་མ་ཡིན་པར་ཆ་བཞག་ན། ཁྱོ་ཀའི་ལུས་ཁམས་ཆུང་མའི་ལུས་ཁམས་ཆུའི་དགྲ་ཡིན་པས་ལུས་དགྲའི་ཁྱོ་ཀ་ཡིན་ལ། ཁྱོ་ཀའི་དབང་ཁམས་མེ་ཆུང་མའི་དབང་ཁམས་ལྕགས་ཀྱི་དགྲ་ཡིན་པས་དབང་ཐང་དགྲའི་ཁྱོ་ཀ་ཡང་ཡིན་པ་ལྟ་བུ་ཡིན། |
Domain | རྩིས་རིག |
{{#arraymap:དགྲའི་ཁྱོ་ཀ་
|; |@@@ | | }}