25320

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དང་ (1)
Part of speech ཕྲད་ཚིག
Definition སྡུད་པ་ལ་འཇུག་པ། བསྡུ་བྱའི་གྲངས་ངེས་མ་ངེས་ཅི་རིགས་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།
Keyword True
Example ཀ་ར་དང་། བུ་རམ་དང་། སྦྲང་རྩི་རྣམས་ནི་དཀར་གསུམ་མོ་ལྟ་བུ།
དང་ (2)
Part of speech ཕྲད་ཚིག
Definition འབྱེད་པ་ལ་འཇུག་པ། དབྱེ་བར་བྱ་བའི་གྲངས་ངེས་མ་ངེས་ཅི་རིགས་གཞི་གཅིག་ལས་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།
Keyword True
Example རོ་དྲུག་ནི་མངར་བ་དང་། སྐྱུར་བ་དང་། ཁ་བ་དང་། བསྐ་བ་དང་། ཚ་བ་དང་། ལན་ཚྭ་བའོ་ལྟ་བུ།
དང་ (3)
Part of speech ཕྲད་ཚིག
Definition རྒྱུ་མཚན་གསལ་བྱེད་དུ་འཇུག་པ། སྔ་མའི་སྒྲུབ་བྱེད་ལ་བརྟེན་ནས་ཕྱི་མ་བསྒྲུབ་པར་བྱ་བ་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།
Keyword True
Example སྐད་གོ་བ་དང་ལུང་པ་གང་ནས་ཡིན་ཤེས་ལྟ་བུ།
དང་ (4)
Part of speech ཕྲད་ཚིག
Definition ཚེ་སྐབས་སྟོན་བྱེད་དུ་འཇུག་པ། དུས་དང་སྐབས་སྟོན་པའི་མིང་མཐར་སྦྱར་པས་ཚེའམ་སྐབས་གསལ་བར་བྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།
Keyword True
Example ཆུ་ཚོད་དགུ་པར་སླེབས་པ་དང་ལས་ཁུངས་སུ་འབྱོར། ཉི་མ་ཤར་བ་དང་ལམ་ལ་ཆས་ལྟ་བུ།
དང་ (5)
Part of speech ཕྲད་ཚིག
Definition གདམས་ངག་གསལ་བྱེད་ལ་འཇུག་པ། དོན་གང་འགྲུབ་པར་བྱེད་པའམ་ལེགས་པར་སྒྲུབ་པའི་གདམས་ངག་གམ་ཐབས་སྟོན་པའི་སྐུལ་ཚིག་དང་སྒྲ་ཅན་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།
Example བརྩོན་འགྲུས་རྩོམ་དང་མཁས་པར་འགྱུར་རོ། རིག་པ་སློབ་དང་། གཞན་ལ་ཕན་པའི་ལས་ཀ་སྒྲུབ་དང་ལྟ་བུ།
དང་ (6)
Part of speech ཕྲད་ཚིག
Definition བྱ་ཡུལ་གསལ་བྱེད་ལ་འཇུག་པ། བྱེད་པ་པོ་གང་གི་བྱ་བ་འཇུག་པའི་ཡུལ་སྟོན་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།
Example དགེ་འདུན་པའི་ནང་ཁྲིམས་དང་འགལ་བ། བླ་མ་དང་མཇལ། གྲོགས་དང་བགྲོ་བ་ལྟ་བུ།
དང་ (7)
Part of speech ཕྲད་ཚིག
Definition མཚུངས་གསལ་གྱི་སྒྲ་འདྲེན་བྱེད་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།
Example ཁྱོད་ཞལ་པདྨ་ཉིད་དང་མཚུངས། །ལྟ་བུ།
དང་ (8)
Part of speech ཕྲད་ཚིག
Definition ལྡན་པ་གསལ་བྱེད་ལ་འཇུག་པ། ཁྱད་གཞི་གང་ལ་ཁྱད་ཆོས་གང་ཞིག་ལྡན་པར་སྟོན་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།
Example ཁོང་ནི་སྐྱེས་ཐོབ་ཀྱི་ཤེས་རབ་དང་། སྦྱངས་སྟོབས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་རེད། རང་གཤིས་དྲང་པོ་དང་ལྡན་ལྟ་བུ།