25329
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། མ་རྟོགས་པ་རྣམས་ལ་བདུད་དུ་སྣང་ཡང་རྟོགས་པ་ལ་ཡེ་ཤེས་ལྔ་སོགས་བསྐྱེད་ཅིང་འཕེལ་བ་དང་། གཙང་སྨེ་གཉིས་འཛིན་གྱི་རྟོག་པ་འཇོམས་པའི་རྩི་རུ་གྱུར་པས་མི་སྤང་ཞིང་དང་དུ་བླང་བ་མཆོད་པར་སྦྱོར་བའི་བསྲུང་བྱ་ཞིག་གོ ། དེ་ཡང་མི་སྤངས་ཤིང་དང་དུ་བླང་རྒྱུའི་བསྲུང་བྱ་ལ་དབྱེ་ན་ལྔ་སྟེ། འགུ་ཡ་ལས། དང་དུ་བླང་བའི་དམ་ཚིག་ལྔ། དྲི་ཆེན་བྱང་སེམས་དྲི་ཆུ་དང་། པད་མ་རག་ཏ་མང་ས་ལྔ། གྲུབ་པ་བཞི་དང་ཡིན་པ་གསུམ། ལྡན་པའི་སྒོ་ནས་དང་དུ་བླང་། ཞེས་པས་ངེས་སོ། ། |
Domain | ཆོས་ལུགས། |
{{#arraymap:དང་དུ་བླངས་པའི་དམ་ཚིག་
|; |@@@ | | }}