25337

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དང་པོ་ལས་གྱུར་པའི་ལྟུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བ་དངོས་གཞི་སྐྱེ་བ་ལ་གཞམས་བསྒོ་དང་བཟློག་པ་སོགས་སྔོན་དུ་འགྲོ་མི་དགོས་པའི་ལྟུང་བ་དང་པོ་དགུ་ལ་ཟེར། དེ་ཡང་པཎ་ཆེན་འདུལ་བ་ལས། དང་པོ་ལས་གྱུར་པ་ཞེས་བརྗོད་པའི་རྒྱུ་མཚན་བཟློག་པ་ལ་མ་ལྟོས་པར་བྱ་བ་དེ་ལ་ཞུགས་པ་ཉིད་ཀྱིས་ལྟུང་བ་དངོས་གཞི་རྫོགས་པར་འགྱུར་བས་ཡིན་པའི་ཕྱིར། དེ་ལ་དབྱེ་ན་གཉིས་ཡོད་དེ། འདོད་པ་ལས་གྱུར་པ་དང་། གནོད་པ་ལས་གྱུར་པ་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ངོས་འཛིན་ཡོད་དེ། ལྷག་མ་དང་པོ་དགུའི་དང་པོ་བདུན་སྔ་མ་དང་། ཕྱི་མ་གཉིས་ཕྱི་མ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དང་པོ་ལས་གྱུར་པའི་ལྟུང་བ་

|; |@@@ | | }}