25406
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྡེབ་སྦྱོར་བཅས་གསན། སོ་ལྔ་བ་ནས་ཉམས་ལེན་གཙོ་བོར་མཛད། བརྒྱད་བཅུ་བ་རབ་བྱུང་བཅུ་བཞི་བའི་ལྕགས་ཕག་ཕྱི་ལོ་ ༡༨༥༡ ལོར་དངུལ་ཆུ་རི་ཁྲོད་དུ་སྐུ་གཤེགས། །སློབ་མ་མཁན་ཆེན་ངག་དབང་སྙན་གྲགས་དང་། རི་སྦུག་སྤྲུལ་སྐུ་བློ་བཟང་བསྟན་སྐྱོང་། བདེ་ཆེན་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་སོགས་མང་དུ་བྱུང་། གསུང་རྩོམ་ནི་འཇིགས་བྱེད་བཅུ་གསུམ་མའི་བསྙེན་ཡིག་མཁས་གྲུབ་དགོངས་འདུས། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔང་མེད་ལྷ་གཅིག་འབུམ་གཅིག་གི་དབང་བསྐུར་ཚུལ། སྨྱུང་གནས་ཀྱི་ཆོ་ག་བསྡུས་པའི་ཁྲིད་ཡིག་གྲུབ་བསྙེས་དཔལ་མོའི་དགོངས་རྒྱན། དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དག་བྱེད་བདུད་རྩིའི་བུམ་བཟང། བརྟེན་འབྲེལ་བསྟོད་པའི་ཚིག་དོན་ཉུང་ངུར་བཀྲོལ་བ་ཟབ་དན་ལྟ་བའི་འདྲེན་བྱེད། ཡི་དམ་སྒྲུབ་ཐབས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིབས་པ། མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས། གྲངས་ཀྱི་མངོན་བརྗོད་ཀྱི་རྣམ་བཤད། སྙན་ངག་མེ་ལོང་གི་ནང་ནས་གབ་ཚིག་གི་སྙན་ངག་ལོགས་སུ་བཀོད་ཏེ་བཤད་པ། ཡིག་བསྐུར་རྣམ་གཞག་མདོར་བསྡུས། བློ་སྦྱོང་དོན་བདུན་མའི་ཟིན་བྲིས་རྒྱལ་སྲས་སྙིང་ནོར་སོགས་པོ་ཏི་བཅུ་ཙམ་བཞུགས། |
Type | མངོན་བརྗོད། |
Synonyms | དངུལ་ཆུ་དྷརྨ་བྷ་དྲ། བློ་བཟང་ཚེ་རིང་། |
{{#arraymap:དངུལ་ཆུ་བླ་མ་ཆོས་བཟང་
|; |@@@ | | }}