25413

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངུལ་ཏིག་ (1)
Part of speech མིང་ཚིག
Definition ལོ་རེར་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ལྗང་སྐྱ་ཕྲ་ལ་ཐུང་བ་ལོ་མའི་མཚམས་ནས་ཐད་ཀར་གཅུས་པའི་རྣམ་པ་ཅན་རྐང་རེ་རེ་སྐྱེ་ཞིང༌། ལོ་མ་སྔོ་ལྗང་སྲབ་ལ་ཆུང་བ་མདུང་རྩེའི་དབྱིབས་འདྲ་བ་གཉིས་རེ་ཕན་ཚུན་ཁ་སྤྲོད་བྱས་ནས་སྐྱེ་བའི་མཐའ་མཉམ་ཞིང་རྩེ་ཅུང་ཟད་རྣོ་བ་ངར་པ་མེད་པའི་སྨད་ཆས་སྡོང་པོ་བཏུམས་ཡོད། མེ་ཏོག་སེར་སྐྱ་ཆུང་བ་རྒྱ་གླིང་ཁ་ལ་ཟུར་མང་པོ་ཡོད་པ་སྡོང་པོའི་རྩེར་འཆར་བ་སྟེ། སྤོ་ཡུལ་སོགས་བོད་ཀྱི་ས་ཁུལ་གང་སར་སྐྱེ་བ་མང་བ་དང༌། དེ་བཞིན་ལྷ་སའི་ཉེ་འཁོར་གྱི་ཁ་བྱང་ལྟའི་སྤང་གཞོངས་སུ་སྐྱེ་བ། ལོ་སྡོང་མེ་ཏོག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཟོས་ནས་བསིལ་སར་བསྐམས་ཏེ་སྟེ་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་མཁྲིས་པའི་ནད་རིགས་དང༌། སྨན་ནད་ལ་ཕན་པ་ཡིན།

{{#arraymap:དངུལ་ཏིག་

|; |@@@ | | }}