2542
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བསེ་ཤིང་དཀར་པོའི་འབྲས་བུ་མ་ནུ་ཁྲག་ཅན་གྱི་མིང་གི་རྣམ་གྲངས་ཤིག་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། མ་ནུ་ཁྲག་ཅན་རྟའི་ནུ་མདེལ། ཀོ་བྱིལ་རྣམས་ནི་བསེ་འབྲས་མིང། ཞེས་གསུངས་པ་ལྟར། ཐང་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་ཁྲག་རླུང་སྟོད་འཚང་འཇོམས། གླང་ཐབས་སེལ། དུག་ཚད་ཞི་བར་བྱེད། མིང་གི་རྣམ་གྲངས་ལ་སྔོ་ལེབ་སྤུ་ཅན་དང༌། ལྡུམ་སྟག་ཕུར་ལེབ། བྱ་འཕུར་ལེབ་བཅས་སོ། ། |
{{#arraymap:ཀོ་བྱི་ལ་
|; |@@@ | | }}