25456

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངུལ་རྡོ་ (1)
Part of speech མིང་ཚིག
Definition བཞུས་ན་དངུལ་འབྱུང་བའི་གཏེར་རྡོའི་རིགས་ཤིག་སྟེ། ཕལ་ཆེར་ཞ་རྡོ་ལྟ་བུ་མདོག་སྔོ་ནག་འོད་ཕྲོམ་ཕྲོམ་ཡོདཔ། ཕྱི་ལ་རྩི་སྐྱ་བོ་ཆགས་ཤིང་ནང་འོད་དངུལ་མདོག་ལྟར་འཚེར་བ། དབྱིབས་མ་ངེས་པའོ། །དེ་ཡང་རྡོ་རིགས་ཀྱི་ཁྱད་པར་ལས་བཞུས་མ་ཐག་དངུལ་བབས་པ་ཞིག་དང༌། རིགས་གཞན་ཞིག་ནི་དང་པོ་ལྕགས། གཤའ་དཀར། ཟངས། ཞ་ཉེ་གང་རུང་བབས་ཤིང་སླར་བཞུ་བཏུལ་བྱས་པས་སྔ་མ་དག་ནས་དངུལ་འབྱུང་བའི་རིགས་སོ། །ཁྱད་པར་དུ་གསེར་རྡོ་དང་དངུལ་རྡོ་གཉིས་ནི་རྡོ་རིགས་སྤྱིར་བཏང་གཞན་ལས་ལྗིད་ཆེ་ལ། རེ་འགའ་མདོག་སྔོ་སྐྱ་དབྱིབས་གྲུ་བཞི་འདྲ་བ་དང་རིགས་གཞན་ཕྱི་མདོག་སྨུག་ཅིང་ནང་མདོག་དངུལ་མདོག་ཅན་དང༌། ཡང་ཁ་ཅིག་ལྗང་ནག་རག་རྡོ་འདྲ་བའི་ནང་དུ་དངུལ་འོད་དོད་པ་བཞུས་ན་གོང་བཞིན་དངུལ་འབྱུང་བ་བཅས་ཡོད་ཅིང༌། འདི་ལ་ཁ་དོག་གི་ཕྱེ་བས་རིགས་གསུམ་སྟེ། ཁ་དོག་སྔོ་ནག་དང༌། ལྗང་ནག ཕྱི་སྨུག་ལ་ནང་དངུལ་འདྲ་བ་བཅས་གསུམ་དང༌། དེ་དག་རེ་རེ་ལའང་མཆོག་དམན་གཉིས་རེ་ཡོད་པ་བཅས་སོ། །རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་དྲོད་སྙོམས་པ། ངོ་བོའི་ནུས་པས་ཆུ་སེར་གྱི་ནད་རིགས་འདྲེན་པར་བྱེད་ཅིང༌། རྩ་ནད་སྦྱངས་ཤིང་དུག་ནད་འཇོམས་པ་དང༌། ཀླད་སྐྱོན་རྩ་ནད་སེལ་ཞིང་རུས་པར་གས་ཆག་བྱུང་བ་དང༌། རྨ་རིགས་སོགས་གསོ་བ་ར་བྱེད་པའོ། །

{{#arraymap:དངུལ་རྡོ་

|; |@@@ | | }}