25459
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དངུལ་རྫོང་དར་རྒྱས་ཆོས་གླིང་དགོན་འདི། དེང་གི་གནས་ཡུལ། བོད་མདོ་ཁམས། ལྷ་ཐོག་རྒྱལ་ཁོངས་སུ་ཆགས་ཡོད་པའི་དགོན་འདི་ཉིད་ནི། སྔོན་གྲུབ་དབང་ཤཱཀྱ་ཤྲཱིས་གནས་འདིར་མ་འོངས་པར་དགོན་པ་ཞིག་འདེབས་དགོས་གསུངས་པ་དང་། ཕྱིས་གྲུབ་དབང་ཤཱཀྱ་ཤྲཱི་དང་ཁོང་གི་ཐུགས་སྲས་འཕགས་མཆོག་རྡོ་རྗེ་ཟུང་གི་དངོས་སློབ་བྱ་བྲལ་རྟོགས་ལྡན་ཞེས་པས་ཕྱག་བཏབ་པ་ཞིག་ཡིན། (གྲུབ་དབང་ཤཱཀྱ་ཤྲཱི་ཆུ་གླང་ ༡༨༥༣ ལོར་འཁྲུངས། ས་ལུག་ ༡༩༡༩ ལོར་དགོངས་པ་རྫོགས།) དེའི་སྐབས་དགོན་དེར་ཇོ་མོ་མང་བ་དང་ཆོ་ག་ཕྱག་ལེན་དང་། སྒྲུབ་པ་ཉམས་བཞེས། རྟེན་སྐུ་གསུང་ཐུགས་རྟེན་སོགས་གང་ཐད་ནས་གྲ་རྒྱས་ཕུན་སུམ་ཚོགས་ཙམ་ཡོད། འོན་ཀྱང་དུས་ཟིང་སྐབས་དགོན་འདིའི་ཕྱི་ནང་ཚང་མ་མིང་གི་ལྷག་མ་ཙམ་དུ་གྱུར། དེང་སྐབས་དགོན་སྡེ་ཁག་སླར་གསོ་ཆོག་པའི་འོག་ལྷ་ཁང་ཆེ་ཆུང་ཁག་གཉིས་དང་གཉེར་ཁང་སོགས་གསར་བཞེངས་མཛད་ཡོད་པ་དང་། སྤྲུལ་སྐུའི་ཡང་སྲིད་ཀྱང་ཁྲི་འདོན་ཟིན་ཀྱང་ད་ལྟ་དགོན་པར་བཞུགས་མེད། ད་ལྟ་སྤྲུལ་སྐུའི་སྐུ་ཚབ་ཅིག་དགོན་པར་བཞུགས་ཏེ་དཔེ་ཆ་སློབ་གཉེར་མཛད་བཞིན་ཡོད། དེང་སྐབས་དགོན་འདིར་གྲྭ་པ་དང་ཇོ་མོ་བསྡོམས་བཞི་བཅུ་ལྷག་ཙམ་བཞུགས་པ་ལགས་སོ། །མ་དགོན་ཁམས་པ་སྒར་ཡིན་འདུག |
{{#arraymap:དངུལ་རྫོང་དར་རྒྱས་ཆོས་གླིང་དགོན་
|; |@@@ | | }}