25485
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དོན་དང་ཤེས་པ་རང་མཚན་ཡིན། །སྤྱི་འདོད་གཉིས་པོ་མེད་པ་ཡིན། །དེ་བཞི་བརྗོད་བྱ་མ་ཡིན་པས། །དམ་པའི་དོན་དུ་བརྗོད་བྱ་མེད། །དོན་དང་ཤེས་པའི་རང་མཚན་གཉིས་དང་། དོན་གྱི་སྤྱི་དང་སྒྲ་དོན་གྱི་སྤྱི་གཉིས་ཏེ། བཞི་པོ་བརྗོད་བྱར་མི་འཐད་ལ། དེ་དག་ལས་གཞན་པའི་ཤེས་བྱ་མི་སྲིད་པས་དོན་དམ་པར་ན་བརྗོད་བྱ་ཞེས་བྱ་བ་གྲུབ་པ་ཅི་ཡང་མེད་དོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། སྒྲའི་དངོས་ཀྱི་བརྗོད་བྱ་དངོས་པོར་མེད་དེ། ཤེས་བྱ་ཐམས་ཅད་དོན་རང་མཚན་དང་། ཤེས་པ་རང་མཚན་དང། དོན་སྤྱི་དང་། སྒྲ་སྤྱི་དང་། བཞིར་འདུས་པ་ལས། དང་པོ་གཉིས་ནི་དངོས་ཀྱི་བརྗོད་བྱ་མ་ཡིན་ཞིང་། ཕྱི་མ་གཉིས་པོ་དངོས་པོར་མེད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
Domain | ཚད་མ། |
{{#arraymap:དངོས་ཀྱི་བརྗོད་བྱ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བརྗོད་བྱ་ལ་ཞེན་པའི་བརྗོད་བྱ་དང་ཞེན་པའི་བརྗོད་བྱའི་ཟླས་དྲངས་པའི་དངོས་ཀྱི་བརྗོད་བྱ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཞེན་པའི་བརྗོད་བྱས་ཟླས་དྲངས་པའི་དངོས་ཀྱི་བརྗོད་བྱའི་མཚན་ཉིད། ངག་ཀུན་སློང་གི་རྟོག་པ་ལ་སྣང་བའི་དབང་གིས་ངག་ལས་གོ་བར་བྱ་བ། |
Example | བུམ་པའི་དོན་སྤྱི་ལྟ་བུའོ། །ཞེས་གསུངས། |
{{#arraymap:དངོས་ཀྱི་བརྗོད་བྱ་
|; |@@@ | | }}