25486
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུན་མོང་གི་མ་ངེས་པའི་རྟགས་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཐུན་མོང་གི་མ་ངེས་པའི་རྟགས་གང་ཞིག ། ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མཐོང་བ། ཞེས་དང་། དབྱེ་ན། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག ། (མཐུན་ཕྱོགས་མི་མཐུན་ཕྱོགས་)གཉིས་ཀ་ལ་རྣམ་གཉིས་སུ་འཇུག ། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་དངོས་ཀྱི་མ་ངེས་པའི་རྟགས་དང་བཞིའོ། །ཞེས་གསུངས། |
Domain | ཚད་མ། |
{{#arraymap:དངོས་ཀྱི་མ་ངེས་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྒྲ་མི་རྟག་པར་སྒྲུབ་ལྟ་བུ་ལ་མཚོན་ན། སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཀྱང་ཡིན། ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་མི་རྟག་པ་ལ་ཡོད་པར་ཚད་མས་ངེས་པ་དང་། དེས་ཁྱོད་རྟག་པ་ལ་ཡོད་པར་ཚད་མས་ངེས་པ་གཉིས་ཀ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། |
{{#arraymap:དངོས་ཀྱི་མ་ངེས་པ་
|; |@@@ | | }}