25505

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་གཞི་དབྱར་ཁས་ལེན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཀུན་མཁྱེན་མཚོ་སྣ་བའི་མདོ་རྩ་རྣམ་བཤད་ཉི་མའི་འོད་ཟེར་ལས། དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པ་སྟེ། མཇུག་ནི་ཐབས་ཡིན་ནོ། །ལེགས་སོ། །ཞེས་སོ། །ཞེས་དང་། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། ཚེས་བཅུ་དྲུག་གི་ནངས་པར་དགེ་སློང་གི་མདུན་དུ་གནས་པར་ཁས་བླང་བར་བྱ་སྟེ། དེའི་སྔགས་ནི་གནས་བརྟན་ནམ། བཙུན་པའམ། ཚེ་དང་ལྡན་པ་ཞེས་སྐབས་དང་སྦྱར་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་གནས་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ་སྦྱིན་བདག་མིང་འདི་ཞེས་བགྱི་བ་དང། ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དང། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་ཞེས་བགྱི་བ་དང། ནད་གཡོག་པ་ཆེ་གེ་མོ་ཞེས་བགྱི་བ་ལ་བརྟེན་ནས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང། བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད། ཐབས་ལེགས་བྱ། དབྱར་ཕྱི་མ་ལ་ནི་ཚིག་འདྲ་བ་ལ་དབྱར་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །ཞེས་བརྗོད། སྦྱིན་བདག་ལ་སོགས་པ་བརྗོད་མ་དགོས་ན་རལ་བ་དང། གྲུམ་པ་བཅོས་པའི་སླད་དུ་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པ་ཁས་བླང་ངོ་། །ཞེས་པ་ལ་སོགས་པའི་ཚིག་གིས་ཆོག་གོ ། གནས་གང་དུ་ན་རང་ཉིད་གང་དུ་འདུག་པ་ལ་སོགས་པ་རང་དབང་བའི་གནས་སྟེང་གཡོགས་དང་བཅས་པར་ཁས་ལེན་ཏེ། གཞུང་འདིར། གཡོགས་པར་དགེ་སློང་གི་མདུན་དུའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དངོས་གཞི་དབྱར་ཁས་ལེན་

|; |@@@ | | }}