25509

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་གཞིའི་ཡན་ལག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་སྤྱོད་པའི་འདྲེན་སྒོ་འབྱེད་པར་བྱེད་པའི་ཡན་ལག་དྲུག་ཏུ་གསུངས་པའི་ཡ་གྱལ་ཞིག་སྟེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དམ་རང་གི་ངོ་བོ་བསྟན་པའི་ཕྱིར་དངོས་གཞིའི་ཡན་ལག་ཅེས་བྱ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལ་དངོས་གཞིའི་ཡན་ལག་ནི། བདེ་བར་གཤེགས་པ་གང་གི་དགོངས་པ་ཆོས་ཉིད་མ་སྐྱེས་པ་ཉིད་ཡེ་ཤེས་ཀྱིས་ངེས་པར་འགྲེལ་ཞིང་གཏན་ལ་འབེབས་པར་བྱེད་པ་སྟེ། ངོ་བོ་ནི་ཡན་ལག་གི་དངོས་ཆོས་འབྱུང་བའི་གཞི་ཡིན་པས་ངེས་ཚིག་ཀྱང་འགྲུབ་ལ། དེ་ཉིད་བསྟན་པ་གང་ཞེ་ན། འདི་ལྟ༷་སྟེ། ཤེས་བྱ་གང་ལ་བྱེད་པ་པོ་མེད་ལ་རང་གི་མཚན་ཉིད་འཛིན་པའི་ཆོས་རྣམས་ཀྱི་དངོས་གཞི་གསུམ་དུ་བསྡུ་བ་སྟེ། ཞེས་གསུངས་པ་ལྟར། བསྡུས་ན། རང་བཞིན་གྱི་དངོས་གཞི་དང། རྩ་བའི་དངོས་གཞི་དང། ཐམས་ཅད་ཀྱི་དངོས་གཞི་གསུམ་མོ། །
Domain ཆོས་ལུགས།

{{#arraymap:དངོས་གཞིའི་ཡན་ལག་

|; |@@@ | | }}