25539
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་སྤྱི་སྤུངས་ཀྱི་དབང་རྫས་སུ་བཤད་པའི་བུམ་པ་ཞིག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། ཕྱྭ་རི་དམུ་ཞགས་གསས་ཁང་གི། ཕྱག་རྒྱའི་དཀྱིལ་འཁོར་དོན་ལྡན་ཕྱིར། འབྱུང་བའི་བཅུད་ཕྱུང་ཕྱྭ་ཚེ་འགུགས། མཆོག་དང་ཐུན་མོང་འགྲུབ་བྱེད་པ། དངོས་གྲུབ་ཕྱྭ་ཚེའི་བུམ་པར་གྲགས། ཞེས་པས། དེ་ཡང་བསྟན་པའི་གདུལ་ཞིང་འཇིག་རྟེན་ཐུན་མོང་ལ་དགོས་པའི་འབྱུང་བའི་བཅུད་དྭངས་དང་ཚེ་དང་ལོངས་སྤྱོད་ཟས་ནོར་བཙན་ཕྱུག་སོགས་ཀྱི་འཕེལ་ཁ་བསྐྱེད་པའི་ཕྱྭ་གཡང་གི་དངོས་གྲུབ་དང་། ཐུན་མིན་ལ་ཡང་ཡི་དམ་འཆི་མེད་ཚེ་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་ཅིང་འགུགས་པའམ་བསྐྱེད་པར་བྱ་བའི་སྣོད་ཅིག་གོ ། |
Domain | ཆོས་ལུགས། |
{{#arraymap:དངོས་གྲུབ་ཕྱྭ་ཚེའི་བུམ་པ་
|; |@@@ | | }}