25542

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་གྲུབ་བདེ་ཆེན་གྱི་བུམ་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་ལས་རིམ་གྱི་སྒྲུབ་ཐབས་ལ་འཇུག་སྟེ་ཉམས་མྱོང་གི་སྐབས་སུ་རྟོགས་པ་དང་ཏིང་ངེ་འཛིན་གྱི་གཟིགས་ཚུལ་ཞིག་སྟེ་ཕྱི་རྫས་ཀྱི་བུམ་པ་དང་ནང་སེམས་ཀྱི་རིག་པ་གཉིས་དབྱེར་མེད་དུ་གྲུབ་པའི་རང་བཞིན་ཞིག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། བུམ་པའི་རང་བཞིན་བདག་གཅིག རིག་པ་ཡེ་ཤེས་གསལ་དང་ལྡན། བུམ་པ་རིག་པ་གཉིས་མེད་ཅིང་། ཐིག་ལེའི་ངང་དུ་ལྷུན་གྱིས་གྲུབ། བུམ་མཆོག་གསང་བ་དེ་ཁོ་ན། བདེ་བ་ཆེན་པོའི་བུམ་པ་ཉིད། ཅེས་པས། རྒྱན་ལྡན་རྫས་ཀྱི་བུམ་པ་དང་རིག་པ་གཉིས་དོན་དམ་པར་རྟོགས་པ་དང་ཏིང་ངེ་འཛིན་གྱི་ངོར་རང་བཞིན་དབྱེར་མེད་ཅིང་ཕྱི་ནང་སོགས་གཉིས་འཛིན་གྱི་མཐའ་གང་དུ་མ་གནས་པར་དབུས་སམ་ཐིག་ལེ་ཆེན་པོའི་དབྱིངས་སུ་འགག་མེད་ལྷུན་གྱིས་གྲུབ་པ་དེ་ལ་བྱའོ། །བུམ་པའི་ངེས་ཚིག་ནི། དེ་ཉིད་ལས། བུམ་ནི་རིག་པ་ཁྱབ་བདལ་ཆེ། པ་ནི་མ་གཡོས་ཐིག་ལེར་གཅིག དེ་ཕྱིར་བུམ་པ་ཞེས་སུ་གྲགས། ཞེས་སོ། །
Domain ཆོས་ལུགས།

{{#arraymap:དངོས་གྲུབ་བདེ་ཆེན་གྱི་བུམ་པ་

|; |@@@ | | }}