25559
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཡི་དམ་རང་རང་གི་གཞུང་དང་བསྟུན་པའི་ལོངས་སྤྱོད་མཆོད་པའི་རྫས་གང་དགོས་མ་ཚང་མེད་པར་གསོག་ཅིང་འབུལ་བའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དཀར་མངར་འབྲུ་བཅུད་ཤ་ཆང་སོགས། དངོས་གྲུབ་ལོངས་སྤྱོད་རྫས་སུ་བསྙེན། ཞེས་པས། དེ་ཡང་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དཀར་གསུམ་དང་མངར་གསུམ། འབྲུ་བཅུད་ཤ་ཆང་གི་མཆོད་པ་ལ་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེར་ཕུལ་བས། རང་རྒྱུད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བའི་རྒྱུ་རུ་འགྱུར་ཞིང་ཡི་དམ་ལྷ་ཚོགས་ཀྱི་ལོངས་སྤྱོད་སྤྱན་གཟིགས་སུ་ཡོང་བར་བཤད་དོ། །དེ་དག་ལ་ཡང་ཕྱི་ཡི་རྫས་སུ་བསྙེན་པ་ཞེས་བྱ་བའོ། ། |
Domain | ཆོས་ལུགས། |
{{#arraymap:དངོས་གྲུབ་ལོངས་སྤྱོད་རྫས་སུ་བསྙེན་
|; |@@@ | | }}