25574

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་དཔེ་ (1)
Part of speech མིང་ཚིག
Definition དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་གཉིས་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཀྱི་ཁྱད་ཆོས་དངོས་སུ་མ་བརྗོད་པར་དཔེ་དང་དཔེ་ཅན་གཉིས་མཚུངས་པ་ཙམ་ཞིག་དངོས་སུ་བརྗོད་པའི་ཤུགས་ལ་དེ་གཉིས་ཁྱད་ཆོས་གང་གི་སྒོ་ནས་མཚུངས་པར་གོ་བར་ནུས་པ་ཞིག་ལ་ཟེར།
Example བོད་མཁས་པས། འོ་མའི་ཆུ་གཏེར་དང་མཚུངས་ཞལ་དཀྱིལ་འཁོར། །སྤྱན་ཟུང་ཨུཏྤལ་མཐིང་གའི་དཔལ་འཕྲོག་དེས། །བསྐྱོད་པའི་སྨིན་འཁྱོག་བུང་བའི་རྣམ་འཕྲུལ་ལྟས། །ལྷ་མོ་ཁྱོད་ནི་དཔྱིད་ཀྱི་ཕུན་ཚོགས་འདྲ། །ལྟ་བུ།
Domain རྩོམ་རིག

{{#arraymap:དངོས་དཔེ་

|; |@@@ | | }}