25577

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་པོ་ (1)
Part of speech མིང་ཚིག
Definition རྒྱུ་ནོར་དངོས་རྫས་དང་། ཅ་ལག ཡོད་བྱད་བཅས་ཀྱི་དོན་ལ་འཇུག་སྟེ།
Keyword True
Example དཀའ་ཚེགས་ཆེན་པོས་དངོས་པོ་གང་མང་བསགས། མི་སྒེར་ལ་དབང་པའི་དངོས་པ། ཁྱིམ་གྱི་དངོས་པོ་རྣམས་ཕྱིར་བཏོན་ཞེས་པ་ལྟ་བུ།
དངོས་པོ་ (2)
Part of speech མིང་ཚིག
Definition དོན་བྱེད་ནུས་པ་སྟེ། རང་འཛིན་ཤེས་པ་དང༌། རང་གི་རྒྱུན་ཕྱི་མ་ལ་སོགས་པའི་རང་འབྲས་སྐྱེད་པའི་དོན་བྱེད་ནུས་པའི་ཆོས་རྣམས་ལ་ཟེར་ཞིང་། དབྱེ་ན་གཟུགས་དང་། ཤེས་པ། ལྡན་མིན་འདུ་བྱེད་བཅས་གསུམ་ཡོད་དོ། །
Domain ཚད་མ།
དངོས་པོ་ (3)
Part of speech མིང་ཚིག
Definition དངོས་གནས་སམ་ངོ་མའི་དོན་ལའང་འཇུག།
Example གཏམ་དེ་དངོས་གནས་ཡིན་ལྟ་བུ།
དངོས་པོ་ (4)
Part of speech མིང་ཚིག
Definition དོན་ལ་འཇུག་སྟེ། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ་ལས། དངོས་པོ་ནི་དོན་ནོ་ཞེས་གསུངས་སོ། །
དངོས་པོ་ (5)
Part of speech མིང་ཚིག
Definition ཤིང་ཁྱི་ལོའི་མིང་།
Domain རྩིས་རིག