25579

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་པོ་གང་སྲ་བརྐྱང་དུ་བཏིང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ས་བཞི་ལྡན་ཏེ། རྒྱུ་ངོ་བོ་གྲངས་བདག་པོའི་བྱེ་བྲག་ཏུ་བྱས་པའོ། །དང་པོ་ལ་གསུམ་སྟེ། དབྱར་གྱི་རྒྱུ་ལས་བྱུང་བ། གདིང་བའི་ཉི་མ་ཡན་ཆད་དུ་གྲུབ་པ། གོས་ཀྱི་རྙེད་པར་བགྲང་བའོ། །གཉིས་པ་ལ་གཉིས་ལས། རུང་བ་དང། ཚད་དང་ལྡན་པའོ། །རུང་བ་ལ་བཞི་ལས་རྒྱུ་དང་། དབྱིབས་དང་། ཁ་དོག་དང་། གནས་སྐབས་རུང་བའོ། །ཚད་ལྡན་ཡན་ཆད་ཡིན་པ་ནི། ཆོས་གོས་ཆེ་ཚད་དང་། ཚད་དེ་ལས་ལྷག་པ་ལ་ཡང་སྲ་བརྐྱང་གི་བྱིན་རླབས་འཆགས་ཏེ། བག་ཡངས་ཀྱི་གོས་ཡིན་པའི་ཕྱིར་རོ། །གསུམ་པ་གྲངས་ཀྱི་བྱེ་བྲག་ཏུ་བྱས་པ་ནི་གསུམ་ཕྲུགས་གཅིག་གམ་དུ་མ་ཡང་རུང་ངོ་། །བཞི་པ་བདག་པོས་བྱེ་བྲག་ཏུ་བྱས་པ་ནི། དགེ་འདུན་སྤྱི་ལ་དབང་བ་སྟེ་དགེ་འདུན་གྱིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཾདངོས་པོ་གང་འདིང་བ་ནི་དབྱར་གནས་པའི་དགེ་འདུན་གྱི་གོས་ཀྱི་རྙེད་པ་ལས་བྱུང་ཞིང་རུང་བའི་ཚོན་གྱིས་ཁ་བསྒྱུར་པ་སྲ་རྐྱང་འདིང་བར་རྩོམ་པའི་དགེ་འདུན་སྤྱི་ལ་དབང་བའི་ཆོས་གོས་རྣམ་གསུམ་རུང་བའི་ཚད་དང་ལྡན་པ་ལ་སྲ་རྐྱང་གི་མིང་གིས་བཏགས་པ་དེ་འདིང་ངོ་། །སྲ་རྐྱང་མཚན་ཉིད་པ་ནི་ཆོས་གོས་དྲས་དྲུབ་པ་སོགས་པ་བྱེད་པའི་ཤིང་སོགས་ཀྱི་སྤང་ལེབ་བམ། གཏན་པ་དེ་ཡིན་ཞིང། ཆོས་གོས་སྲ་རྐྱང་ནི་སྲ་རྐྱང་བཏགས་པ་བ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དངོས་པོ་གང་སྲ་བརྐྱང་དུ་བཏིང་བ་

|; |@@@ | | }}