25585
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་གསུངས་པའི་དངོས་པོ་སྟེ། ༡ ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་བརྩམས་ཏེ། འདུ་བྱེད་བསྡུ་བའི་དངོས་པོ། ༢ དེའི་གོ་རིམ་རྗེས་སུ་འཇུག་པའི་དངོས་པོ། ༣ དེ་དག་ཉིད་ལ་གང་ཟག་གི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུ་དངོས་པོ། ༤ ཆོས་ཀྱི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ། ༥ རྣམ་པར་བྱང་བའི་ཕྱོགས་ལས་བརྩམས་ཏེ། དམིགས་པ་ལ་ཉེ་བར་གཏོད་པའི་དངོས་པོ། ༦ དེ་ཉིད་ལ་རྩོལ་བའི་དངོས་པོ། ༧ སེམས་གནས་པའི་དངོས་པོ། ༨ ཚེ་འདི་ལ་བདེ་བར་གནས་པའི་དངོས་པོ། ༩ སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདའ་བའི་ཐབས་ཀྱི་དམིགས་པའི་དངོས་པོ། ༡༠ དེ་ཡོངས་སུ་ཤེས་པའི་དངོས་པོ་ནི་ཕྱིན་ཅི་ལོག་གི་གནས་ཡོངས་སུ་ཤེས་པ་དང༌། སེམས་ཅན་ལ་འདུ་ཤེས་པ་ལས་བརྩམས་ཏེ་ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པའི་གནས་ཡོངས་སུ་ཤེས་པ་དང༌། ནང་ལ་མངོན་པའི་ང་རྒྱལ་མེད་པའི་གནས་ཡོངས་སུ་ཤེས་པས་དེའང་རྣམ་པ་གསུམ། ༡༡ བསྒོམ་པའི་གནས་ཀྱི་དངོས་པོ། ༡༢ མངོན་དུ་བྱ་བའི་དངོས་པོ། ༡༣ བསྒོམ་པའི་དངོས་པོ། ༡༤ དེ་སྙིང་པོར་བྱ་བའི་དངོས་པོ། ༡༥ དེའི་རྣམ་པའི་དངོས་པོ། ༡༦ དེའི་དམིགས་པའི་དངོས་པོ། ༡༧ སྤངས་པ་དང༌། མ་སྤངས་པ་ལ་དཔྱོད་པ་ལ་མཁས་པའི་དངོས་པོ། ༡༨ དེ་ལས་རྣམ་པར་གཡེང་བའི་དངོས་པོ། ༡༩ དེ་ལས་རྣམ་པར་མི་གཡེང་བའི་དངོས་པོ། ༢༠ རྣམ་པར་མི་གཡེང་བ་གནས་ཀྱི་དངོས་པོ། ༢༡ བསྒོམ་པ་ལས་ཡོངས་སུ་སྐྱོབ་པའི་སྦྱོར་བ་གསལ་བའི་དངོས་པོ། ༢༢ བསྒོམ་པའི་ཕན་ཡོན་གྱི་དངོས་པོ། ༢༣ དེ་བརྟན་པའི་དངོས་པོ། ༢༤ འཕགས་པའི་དབང་ཕྱུག་བསྡུ་བའི་དངོས་པོ། ༢༥ འཕགས་པའི་ཕྱོགས་དང་འཁོར་བསྡུ་བའི་དངོས་པོ། ༢༦ དེ་ཁོ་ན་རབ་ཏུ་རྟོགས་པའི་དངོས་པོ། ༢༧ མྱ་ངན་ལས་འདས་པ་ཡང་དག་པར་འཐོབ་པའི་དངོས་པོ། ༢༨ ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་ཕྱི་རོལ་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་ལས་སྤྱི་བོར་གྱུར་པ་ཉིད་ཀྱི་དངོས་པོ། ༢༩ དེ་མི་བསྒོམ་པས་ཡོངས་སུ་ཉམས་པས་དངོས་པོ་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:དངོས་པོ་ཉི་ཤུ་རྩ་དགུ་
|; |@@@ | | }}