25614

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གི་བསལ་བ་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གི་བསལ་བའི་མཚན་ཉིད། (དམ་བཅའ་ལྟར་སྣང་)གང་ཞིག ། ཁྱོད་ཀྱི་དངོས་ཀྱི་ལྡོག་ཕྱོགས་ཀྱི་དོན་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གིས་གྲུབ་པ། དཔེར་ན་སྒྲ་རྟག་པ་ལྟ་བུ། ཞེས་དང་། དེས་ན། ཡིད་ཆེས་བསལ་བ་ཡིན་པ་ལ་ཡིད་ཆེས་རྗེས་དཔག་གིས་བསལ་བ་ཡིན་པས་མ་ཁྱབ་ཅིང༌། སྤྱིར་ཡིད་ཆེས་བསལ་བ་དང་དངོས་པོ་སྟོབས་ཞུགས་ཀྱི་བསལ་བ་ཡང་མི་འགལ་ལོ། །ཞེས་གསུངས།
Domain ཚད་མ།

{{#arraymap:དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གི་བསལ་བ་

|; |@@@ | | }}