25644

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དབུ་མ་རིགས་ཚོགས་ཀྱིས་ནི་ཐེག་པ་གསུམ་ཀའི་བྱང་ཆུབ་ཐོབ་པའི་ཐབས་སུ་གཟུགས་ནི་རང་བཞིན་གྱིས་སྐྱེ་བ་མེད་དོ་ཞེས་སོགས་ཀྱིས་དངོས་བསྟན་སྐྱེ་མེད་ཀྱི་དོན་གཏན་ལ་འབེབས་པར་བྱེད་དེ། མདོར། གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་མེད་དུ་གསུངས་པའི་སྒྲུབ་བྱེད། རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་གྱི་རིག་པ་རྣམས་གསུངས་པའི་ཕྱིར་རོ། །སྔོན་གྱི་མཁས་པ་རྣམས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཏན་ལ་འབེབས་པ་ཞེས་གསུངས་པ་ཡང་འདི་དང་གནད་གཅིག་ཅིང་། དོན་ལ་ཡང་གནས་ཏེ། གཟུགས་སོགས་རང་བཞིན་གྱིས་སྐྱེ་བ་མེད་པ་སོགས་ནི་མདོའི་དངོས་བསྟན་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
Domain ཆོས་ལུགས།

{{#arraymap:དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་

|; |@@@ | | }}