25659

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་འགལ་ (1)
Part of speech མིང་ཚིག
Definition རང་མིན་ཏེ་རང་གི་འགལ་བ་མི་མཐུན་ཕྱོགས་བཀག་ཙམ་དེ། དེ་དང་ཕན་ཚུན་སྤངས་པའི་དངོས་འགལ་གྱི་མཚན་ཉིད། ཡང་ན། དེ་དང་ཕན་ཚུན་སྤངས་པ་དངོས་ཡིན་པའི་མཚན་ཉིད་དོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་སྡེ་བདུན་རོལ་མཚོ་ལས་སོ། ། དངོས་འགལ་གྱི་མཚན་ཉིད་ནི། ཆོས་གང་ཞིག་ཆོས་གཞན་ཡིན་པ་ལ་དངོས་སུ་གནོད་བྱེད་དོ། །ཡང་ན། དངོས་འགལ་གྱི་མཚན་ཉིད། རང་མིན་འགོག་པའོ། །དཔེར་ན་རྟག་དང་མི་རྟག་པ་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།

{{#arraymap:དངོས་འགལ་

|; |@@@ | | }}

དངོས་འགལ་ (2)
Part of speech མིང་ཚིག
Definition ཕན་ཚུན་སྤང་འགལ་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དང་པོ(དངོས་འགལ་)འི་མཚན་ཉིད། ཆོས་དེ་དང་མི་མཐུན་པར་གནས་པའི་གཙོ་བོ་གང་ཞིག ། ཁྱོད་དང་ཆོས་དེ་གང་ཡང་མ་ཡིན་པའི་ཕུང་གསུམ་མེད་པ།
Example རྟག་པ་དང་མི་རྟག་པ་ལྟ་བུ་ཞེས་གསུངས།

{{#arraymap:དངོས་འགལ་

|; |@@@ | | }}