25674

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལུས་པ་ (1)
Part of speech མིང་ཚིག
Definition དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཚུལ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། འབྲས་བུ་དེ་གཉིས་ཀྱི་གཅིག་ཤོས་ཀྱི་དངོས་ཀྱི་ཉེར་ལེན་ཡིན་ན། གཅིག་ཤོས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱེད་པས་ཁྱབ་པ། གཅིག་ཤོས་ཀྱི་ལྷན་ཅིག་བྱེད་རྐྱེན་ཡིན་ན་གཅིག་ཤོས་ཀྱི་དངོས་ཀྱི་ཉེར་ལེན་ཡིན་པས་ཁྱབ་པ་དེ། འབྲས་བུ་དེ་གཉིས་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པ་ཞེས་ཟེར་བ་ཡིན་ཏེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོའི་གསུང་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། བུ་རམ་གྱི་རོ་སྔ་མ་བུ་རམ་གྱི་རོ་ད་ལྟར་བའི་ཉེར་ལེན་དང། གཟུགས་ད་ལྟ་བའིི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པའི་ཕྱིར། དེས་ན་གཟུགས་སྔ་མའང་གཟུགས་ད་ལྟར་བའི་ཉེར་ལེན་དང། རོ་ད་ལྟར་བའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པས་དེ་གཉིས་རྒྱུ་ཚོགས་གཅིག་ལ་རག་ལུས་པ་ཡིན་ལ། ཞེས་གསུངས་པའི་ཕྱིར།
Domain ཚད་མ།

{{#arraymap:དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལུས་པ་

|; |@@@ | | }}