25681
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དངོས་སུ་གནོད་པའི་འགལ་ཟླ་ཞེས་པ་ནི་གཟུགས་ཅན་བེམ་པོའི་ཆོས་དང་གཟུགས་མེད་ཤེས་པའི་ཆོས་གང་ཡིན་ཡང་རང་རང་གི་གནོད་བྱ་དེ་ལ་གནོད་བྱེད་རེ་རེ་བཞག་པའི་སྒོ་ནས་གནོད་བྱེད་ཀྱི་ཆོས་དེའི་ངོ་བོ་གོང་འཕེལ་དུ་སོང་བའི་རང་སྟོབས་ཀྱིས་གནོད་བྱ་གཞན་གྱི་ངོ་བོ་དངོས་སུ་འགྲིབ་པར་བྱེད་པ་ཞིག་བྱུང་ན་གནོད་བྱེད་ཀྱི་ཆོས་དེ་ནི་གནོད་བྱ་དེ་ལ་དངོས་སུ་གནོད་པའི་འགལ་ཟླ་ཞེས་བྱ་སྟེ། དཔེར་ན་གྲང་རེག་རྒྱུན་ཆགས་སུ་གནས་པའི་ངོ་བོའམ་ནུས་པ་འགྲིབ་བྱེད་ནི། མེ་སྟོབས་ཆེན་དང་ཚ་རེག་སྟོབས་ཆེན་སོགས་རང་སྟོབས་ཀྱི་ཡོད་པའི་སྒོ་ནས་ཡིན་པའི་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་མཚོན་བྱེད་དུ་དཔེར་བཀོད་དེ། དོན་ལ་བདག་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་བདག་མེད་རྟོགས་པའི་ཤེས་རབ་གོམས་ན་བདག་འཛིན་གྱི་རྒྱུན་ཟད་པ་ཤེས་པའི་དོན་དུ་ཡིན་ནོ། །དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། འགལ་དམིགས་ཀྱི་གཏན་ཚིགས་ཐམས་ཅད་དངོས་སུ་གནོད་པའི་འགལ་ཟླ་རྟགས་སུ་བཀོད་པ་དང། བརྒྱུད་ནས་དངོས་སུ་གནོད་བྱེད་སྒྲུབ་པའི་སྒོ་ནས་དགག་བྱ་འགོག་པའི་འགལ་དམིགས་ཀྱི་གཏན་ཚིགས་གཉིས་སུ་འདུས་པར་ངེས་པའི་ཕྱིར་དུ། སྐབས་འདིར་རང་བཞིན་འགལ་དམིགས་དང་། འགལ་འབྲས་དམིགས་པའི་རྟགས་གཉིས་བསྟན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
Domain | ཚད་མ། |
{{#arraymap:དངོས་སུ་གནོད་པའི་འགལ་ཟླ་
|; |@@@ | | }}