25682

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་སུ་ལོག་ཞུགས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བདེན་བཞི་གང་རུང་གི་མཚན་ཉིད་ལ་དངོས་སུ་ལོག་པར་ཞུགས་པ་སྟེ། དཔེར་ན་ཕྲ་རྒྱས་ཀུན་འགྲོ་ལྟ་བུ་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། འདིར་མཚན་ཉིད་དང་འགལ་བར་ཞུགས་པ་ཞེས་པའི་དོན་ནི་བདེན་པ་རྣམས་ཀྱི་རང་བཞིན་ནམ་གནས་ཚུལ་དང་དངོས་སུ་འགལ་བའི་འཛིན་སྟངས་ཕྱིན་ཅི་ལོག་ཏུ་ཞུགས་པ་སྟེ། བདག་ཏུ་མ་གྲུབ་པ་ལ་བདག་ཏུ་བལྟ་བ་ལ་སོགས་པའི་ཕྱིར་རོ། །ཞེས་དང་། མཆིམས་མཛོད་ལས། ཀུན་འགྲོ་རྣམས་བདེན་པ་དང་པོ་གཉིས་ཀྱི་མཚན་ཉིད་དང་འགལ་བར་ཞུགས་པས་དངོས་སུ་ལོག་ཞུགས་དང༌། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དངོས་སུ་ལོག་ཞུགས་

|; |@@@ | | }}