25686

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་སྟོབས་ཀྱི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་སྟེ། རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་གི་མཚན་ཉིད། ཚུལ་གསུམ་ཚང་བའི་གཏན་ཚིགས་གང་ཞིག ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་ན་སྒྲ་བྱུང་གྲགས་པ་དང་དེ་འགྲུབ་པ་ལུང་ལ་ལྟོས་པ་གང་ཡང་མ་ཡིན་པ།
Example སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་བཀོད་པ་ལྟ་བུ། ཞེས་གསུངས།
Domain ཚད་མ།

{{#arraymap:དངོས་སྟོབས་ཀྱི་རྟགས་ཡང་དག་

|; |@@@ | | }}

དངོས་སྟོབས་ཀྱི་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition སྒྲུབ་བྱེད་ཀྱི་ཚུལ་གསུམ་དེ་ལུང་སོགས་ཡིད་ཆེས་བྱེད་པའི་རྟགས་ལ་ལྟོས་མི་དགོས་པར་རང་གི་ངོ་བོར་དཔྱད་པ་བྱས་ན་ཚུར་མཐོང་གི་ཚད་མས་ཀྱང་རྟོགས་པར་ནུས་པ་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོས་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། གནོད་ཡུལ་སོ་སོར་ངེས་པའི་དབང་གིས་མ་ཡིན་པར་གནོད་བྱེད་ཚད་མའི་རྟེན་རྟགས་ཀྱི་ཚུལ་དངོས་སྟོབས་ཀྱིས་གྲུབ་པ་དང་། ལུང་ཙམ་གྱིས་གྲུབ་པ་སོགས་སོ་སོར་ངེས་པའི་དབང་གིས་ཡིན་པར་འདོད་དགོས་པའི་ཕྱིར་རོ། །ཞེས་གསུངས།

{{#arraymap:དངོས་སྟོབས་ཀྱི་རྟགས་ཡང་དག་

|; |@@@ | | }}

དངོས་སྟོབས་ཀྱི་རྟགས་ཡང་དག་ (3)
Part of speech མིང་ཚིག
Definition རྟགས་དེའི་བསྒྲུབ་བྱ་དེ་ལུང་སོགས་ཡིད་ཆེས་བྱེད་པའི་རྟགས་ལ་ལྟོས་མི་དགོས་པར་རང་གི་ངོ་བོར་དཔྱད་པ་བྱས་ན་ཚུར་མཐོང་གི་ཚད་མས་ཀྱང་རྟོགས་པར་ནུས་པ་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། བཞི་བ་རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་ན། དངོས་སྟོབས་ཀྱི་རྟགས་ཡང་དག གྲགས་པའི་རྟགས་ཡང་དག ཡིད་ཆེས་ཀྱི་རྟགས་ཡང་དག་དང་གསུམ་ལས། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་སྟོབས་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་ཡིན་པ་དེ། དང་པོའི་མཚན་ཉིད། ཅེས་དང་༑ དང་པོ་ལ་དབྱེ་ན། དངོས་སྟོབས་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་ལས། མཚན་གཞི་རིམ་པ་ལྟར དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་སྟོབས་ཀྱི་འབྲས་རྟགས་ཡང་དག་དང། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་དངོས་སྟོབས་ཀྱི་རང་བཞིན་གྱི་རྟགས་ཡང་དག་དང། མེ་མེད་པ་དེ། མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་དངོས་སྟོབས་ཀྱི་མ་དམིགས་པའི་རྟགས་ཡང་དག་ཡིན། ཞེས་གསུངས་པའི་ཕྱིར།

{{#arraymap:དངོས་སྟོབས་ཀྱི་རྟགས་ཡང་དག་

|; |@@@ | | }}