From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དངོས་སྟོབས་རྗེས་དཔག་ (1)
| Part of speech
|
མིང་ཚིག
|
| Definition
|
རྗེས་དཔག་ཚད་མ་ལ་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ནི། བྱས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་རྟོགས་པའི་བློ་ལྟ་བུ། ཞེས་གསུངས།
|
| Domain
|
ཚད་མ།
|
དངོས་སྟོབས་རྗེས་དཔག་ (2)
| Part of speech
|
མིང་ཚིག
|
| Definition
|
དངོས་སྟོབས་རྗེས་དཔག་ཅེས་པ། རང་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ཅིག་ལ་ཟེར།
|
དངོས་སྟོབས་རྗེས་དཔག་ (3)
| Part of speech
|
མིང་ཚིག
|
| Definition
|
རང་གི་རྟེན་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས། རང་གི་གཞལ་བྱ་ཅུང་ཟད་ལྐོག་གྱུར་ལ་མི་སླུ་བའི་ཞེན་རིག། མཚན་གཞི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལྟ་བུའོ། །
|