From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀོ་ལ་ (1)
| Part of speech
|
མིང་ཚིག
|
| Definition
|
ཀོ་བ་དང་བལ་ལས་སྐྱེས་པའི་འབུའི་རིགས་ཤིག
|
ཀོ་ལ་ (2)
| Part of speech
|
མིང་ཚིག
|
| Definition
|
གཟིངས་ཀྱི་དོན་ལ་འཇུག
|
ཀོ་ལ་ (3)
| Part of speech
|
མིང་ཚིག
|
| Definition
|
རྒྱ་ཤུགས་ཀྱི་མིང་།
|
ཀོ་ལ་ (4)
| Part of speech
|
མིང་ཚིག
|
| Definition
|
ཀ་ཀོ་ལའི་མིང་གི་རྣམ་གྲངས་ཤིག་སྟེ། བོད་ཀྱི་སྐད་དུ་བསྒྱུར་ན་ཚོགས་ཅན་ཞེས་འགྱུར་ཏེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཀོ་ལ་ནི། ལེགས་སྦྱར་གྱི་སྐད་དུ་ཀཻ་ལ་ཀཾ དེ་ཟུར་ཆག་པ་ཡིན་ཏེ་བོད་སྐད་དུ་ཚོགས་ཅན་འགྱུར། འགའ་ཞིག་གིས་ཀ་ཀོ་ལའི་སྒྲ་བསྡུས་པར་འདོད་ཀྱང་མ་ཡིན་ཞིང། དེ་གཉིས་དོན་གཅིག་པ་ཙམ་ལས་སྒྲ་མི་གཅིག་སྟེ། ཀ་ཀོ་ལར་ལེགས་སྦྱར་གྱི་སྐད་དུ་ཀཀྐོ་ལ་ཀཾ་ཞེས་ཟེར་ཏེ། བོད་ཀྱི་སྐད་དུ་ཚོགས་སྲེད་ཅེས་འགྱུར་བས་དེ་གཉིས་མི་གཅིག་གོ །ཞེས་གསུངས།
|
| Foreign
|
ཟུར་ཆག
|