25727

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དད་པ་ (1)
Part of speech མིང་ཚིག
Definition མདོ། དད་པ་ནི་ཡུལ་ཁྱད་པར་ཅན་ལ་མངོན་པར་ཡིད་ཆེས་པའམ་དང་བའམ་འདོད་པའི་སེམས་བྱུང་ངོ་། །ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། དད་པ་ནི་སེམས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རྙོག་པ་དང་བྲལ་བར་བྱེད་པའི་དང་བ་སྟེ། དབྱེ་ན་ལས་འབྲས་ལ་ཡིད་ཆེས་པ་དང། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་དང་བ་དང། བདེན་བཞི་ལ་སྤང་ཞིང་བསྒྲུབ་པར་འདོད་པའོ། །ལས་ནི་འདུན་པ་བསྐྱེད་པར་བྱེད་པའོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། སྤྱིར་དཀར་པོའི་ཆོས་ལ་འཇུག་པའི་རྒྱུ་ཡིད་ཆེས་པའི་དད་པ་དང་། ཆོས་འདི་རྟོགས་པ་ལ་འཇུག་པའི་རྒྱུ་དང་བའི་དད་པ་དང་། ངེས་པར་འབྱུང་བ་ལ་འཇུག་པའི་རྒྱུ་འདོད་པའི་དད་པའོ། །ཞེས་བསོད་ནམས་རྩེ་མོའི་སྤྱོད་འཇུག་འགྲེལ་བ་ལས་སོ། །
Example ཆང་ལ་དད་པ། མོ་ལ་དད་པ་ཞེས་པ་ལྟ་བུ། 2.
Domain ཆོས་ལུགས།

{{#arraymap:དད་པ་

|; |@@@ | | }}

དད་པ་ (3)
Part of speech མིང་ཚིག
Definition དད་པ་ཞེས་པ། ཡིད་ཆེས་དང་། དང་བ་དང། འདོད་པ་གང་རུང་གི་རྣམ་པ་ཅན་མ་དད་པའི་དངོས་ཀྱི་གཉེན་པོ་བྱེད་པའི་རིག་པ་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། དད་པ་གང་ཞེ་ན། ཡོད་པ་ཉིད་དང། ཡོན་ཏན་ཅན་དང། ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང། དང་བ་དང་། འདོད་པ་སྟེ། འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། དད་པ་ལ་དབྱེ་ན། དང་བའི་དད་པ། ཡིད་ཆེས་པའི་དད་པ། མངོན་འདོད་ཀྱི་དད་པ་དང་གསུམ་མོ། །

{{#arraymap:དད་པ་

|; |@@@ | | }}

དད་པ་ (4)
Part of speech མིང་ཚིག
Definition དགེ་བའི་སེམས་བྱུང་བཅུ་གཅིག་གི་ཡ་གྱལ་ཞིག ཉོན་མོངས་པ་རྣམས་ཀྱིས་རྙོག་པ་དང་བྲལ་བར་བྱེད་པའི་ཡང་དག་པའི་གནས་ལ་དང་བའི་ཡིད་ཆེས་དང་འདུན་པའི་རྟེན་བྱེད་པའི་སེམས་བྱུང་ངོ་། །དབྱེ་ན་བཞིའོ། །

{{#arraymap:དད་པ་

|; |@@@ | | }}