25735

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དད་པ་མི་ཕྱེད་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་སངས་རྒྱས་ཐམས་ཅད་ལ་དད་པ་མི་ཕྱེད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པ་མི་ཕྱེད་པ། འཕགས་པའི་དགེ་འདུན་ཐམས་ཅད་ལ་དད་པ་མི་ཕྱེད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དད་པ་མི་ཕྱེད་པ། དགེ་བའི་བཤེས་གཉེན་ཐམས་ཅད་ལ་དད་པ་མི་ཕྱེད་པ། སེམས་ཅན་ཐམས་ཅད་ལ་དད་པ་མི་ཕྱེད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་དད་པ་མི་ཕྱེད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་དད་པ་མི་ཕྱེད་པ། སངས་རྒྱས་ཐམས་ཅད་ཡོངས་སུ་བསྙེན་བཀུར་བྱ་བ་ལ་དད་པ་མི་ཕྱེད་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། གདུལ་བར་བྱ་བ་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་མཚམས་སྦྱར་བའི་ཚུལ་ལ་དད་པ་མི་ཕྱེད་པའོ། །
Domain ཆོས་ལུགས།

{{#arraymap:དད་པ་མི་ཕྱེད་པ་བཅུ་

|; |@@@ | | }}