From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དད་པས་མོས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། དབང་པོ་རྟུལ་པོས་ལམ་བསྒོམས་ནས་འཕགས་པའི་འབྲས་བུ་ཐོབ་པ་ནས་དགྲ་བཅོམ་པ་ལ་ཞུགས་པ་མན་གྱི་དྭང་བའི་རྗེས་སུ་འབྲང་བའི་རྟོགས་པ་སྔོན་སོང་གི་འཕགས་པ་རྣམས་སོ། །
|
| Domain
|
ཆོས་ལུགས།
|
དད་པས་མོས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་གཉིས་པ་སྦྱོར་ལམ་ལ་གནས་པའི་བྱང་སེམས་ཏེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཐེག་པ་ཆེན་པོ་ལ་ཞུགས་ནས་མི་འགྱུར་བའི་དད་པས་དོན་རང་རིག་མཚན་ཉིད་ལ་མོས་ཤིང་རྩལ་སྦྱོང་བས་དད་པས་མོས་པ་དག་དང༌། ཞེས་གསུངས། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་ལམ་བགྲོད་པའི་དུས་ཀྱི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག
|