25769
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དད་སོགས་ལྔ་རྣམས་ནི་རྣམ་བྱང་ལ་དབང་བྱེད་དེ། བྱེ་བྲག་སྨྲ་བའི་འདོད་ཚུལ་ལོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། དད་སོགས་དབང་པོ་ལྔའི་མཚན་ཉིད་ནི། སྦྱོར་ལམ་དྲོད་ཐོབ་པའི་དབང་པོ་གང་ཞིག རང་སྟོབས་ཀྱིས་དགེ་བའི་དམིགས་པ་ལ་ཡིད་ཆེས་པའི་སེམས་བྱུང་དེ་དད་པའི་དབང་པོའི་མཚན་ཉིད། སྦྱོར་ལམ་དྲོད་ཐོབ་པའི་དབང་པོ་གང་ཞིག རང་སྟོབས་ཀྱིས་དགེ་བ་ལ་སྤྲོ་བའི་སེམས་བྱུང་དེ་བརྩོན་འགྲུས་ཀྱི་དབང་པོའི་མཚན་ཉིད། སྦྱོར་ལམ་དྲོད་ཐོབ་པའི་དབང་པོ་གང་ཞིག རང་སྟོབས་ཀྱིས་དགེ་བའི་དབང་པོའི་དམིགས་རྣམ་མི་བརྗེད་པར་འཛིན་པའི་སེམས་བྱུང་དེ་དྲན་པའི་དབང་པོའི་མཚན་ཉིད། སྦྱོར་ལམ་དྲོད་ཐོབ་པའི་དབང་པོ་གང་ཞིག རང་སྟོབས་ཀྱིས་དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་པར་བྱེད་པའི་སེམས་བྱུང་དེ་ཏིང་ངེ་འཛིན་གྱི་དབང་པོའི་མཚན་ཉིད། སྦྱོར་ལམ་དྲོད་ཐོབ་པའི་དབང་པོ་གང་ཞིག རང་སྟོབས་ཀྱིས་རྣམ་པར་འབྱེད་པའི་དགེ་བར་གྱུར་པའི་སེམས་བྱུང་དེ་ཤེས་རབ་ཀྱི་དབང་པོའི་མཚན་ཉིད་ཡིན་གསུངས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དད་སོགས་དབང་པོ་ལྔ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། དབང་པོའི་མཚན་ཉིད། སྒོམ་བྱུང་གཙོ་བོར་གྱུར་པའི་སྒོ་ནས་བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་སེམས་བྱུང་གང་ཞིག དྲོད་རྩེ་ཡན་ཆད་ཀྱིས་བསྡུས་པ། དབྱེ་ན། དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོ་ལྔའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། དྲོད་ཀྱི་རྣམ་བྱང་གི་དབང་པོ་ལྔ་ནི། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་ཡིན་ཏེ། དྲོ་བ་དང་རྩེ་མོ་གང་རུང་གི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་ཆོས་ཅན་བཤད་པ་ལ། དམིགས་པ་ནི་བདེན་པ་བཞིའོ། །ངོ་བོ་ནི་ཡིད་ཆེས་པའི་དད་པ་དང་། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། དམིགས་པ་མི་བརྗེད་པའི་དྲན་པ་དང་། དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། དམིགས་པ་རྣམ་པར་འབྱེད་པའི་ཤེས་རབ་བོ། །གྲོགས་ནི་དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །བསྒོམ་པའི་ཚུལ་ནི་དད་པའི་དབང་པོས་བདེན་པ་རྣམས་ལ་ཡིད་ཆེས་པ་དང་། བརྩོན་འགྲུས་ཀྱིས་བདེན་པ་རྟོགས་པའི་ཕྱིར་དུ་སྤྲོ་བ་དང་། དྲན་པས་དམིགས་རྣམ་མི་བརྗེད་པ་དང་། ཏིང་ངེ་འཛིན་གྱིས་རྩེ་གཅིག་པ་དང་། ཤེས་རབ་ཀྱིས་མི་རྟག་པ་ལ་སོགས་པར་རབ་ཏུ་འབྱེད་པའི་ཚུལ་གྱིས་བསྒོམ་པ་ཡིན་ནོ། །འདི་དག་བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པས་དབང་པོ་ཞེས་བྱའོ། །དད་པ་ཙམ་ནི་སྔར་ཉིད་དུ་ཡང་ཡོད་ལ། དེ་དག་ནི་རྣམ་བྱང་གི་ཕྱོགས་ལ་དབང་བྱེད་པ་ཙམ་གྱི་དབང་པོ་ཡིན་ཡང་། བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་དབང་པོ་མ་ཡིན་ནོ། །འབྲས་བུ་ནི་མྱུར་དུ་མཐོང་ལམ་བསྐྱེད་པ་དང་། རྟོགས་པ་ཕྱི་མ་འབྱུང་བ་སོགས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། རང་འབྲས་འཕགས་ལམ་བསྐྱེད་པ་ལ་བདག་པོར་གྱུར་པའི་མཁྱེན་པ་དེ། དབང་པོའི་མཚན་ཉིད། དབྱེ་ན་ལྔའོ། །ས་མཚམས་ནི། ཉན་ཐོས་ཀྱི་དྲོད་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། ། |
{{#arraymap:དད་སོགས་དབང་པོ་ལྔ་
|; |@@@ | | }}