25780

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དན་ད་ (1)
Part of speech མིང་ཚིག
Definition དུས་རྒྱུན་སྔོ་བའི་ཤིང་ཕྲན་ཞིག་སྟེ། དན་རོག་དང་། དན་ཁྲ་དང་། རུས་སྦལ་མ་རིགས་གསུམ་ཡོད། དན་རོག་ནི་འཁྲུངས་དཔེར། དན་རོག་དྲོད་ཀྱི་ཡུལ་དུ་སྐྱེ། །རྩ་བ་སྦོམ་ལ་ཤིན་ཏུ་རིང་། །ལོ་མ་ཆེ་ལ་ཅུང་ཟད་རྩུབ། །སྡོང་བོ་སྦུབས་ཅན་ཚིགས་པ་ཅན། །རང་གི་ནུས་པས་བད་ཀན་དང་། །འདུས་པའི་ནད་རྣམས་སྐྱུགས་བཤལ་བྱེད། །ཅེས་གང་བུ་རུས་སྦལ་སུམ་སྒྲོམ་ཁ་སྤྲོད་ཀྱི་རྣམ་པར་ཡོད་པའི་ནང་དུ། འབྲས་བུ་ནག་ཆུང་ཤིན་ཏུ་འཇམ་པ་བྱུང་བར་ཛ་ཡི་ཕ་ལ་ཟེར་བ་མཆོག་གོ ། དན་ཁྲ་ནི་འཁྲུངས་དཔེར། དན་ད་ཁྲ་བོ་ཞེས་བྱ་བ། །སྲིབ་རི་ནགས་ཀྱི་ནང་དུ་སྐྱེ། །ལོ་མ་ཅུང་ཟད་རྩུབ་པ་ཡིན། །སྡོང་བོ་རིང་ལ་འཁྲིལ་ཞིང་སྐྱེ། །གང་བུ་གོང་དང་འདྲ་བའི་ནང་། །འབྲས་བུ་ཁྲ་བོ་དན་རོག་འདྲ། །ཞེས་གསུངས། རུས་སྦལ་མ་ནི། མོན་ཡུལ་སོགས་སུ་སྐྱེ་ཞིང་། སྔ་མ་ལས་ཆེ་ལ་རྩུབ་པ་སྦལ་བའི་དབྱིབས་ཅན་དེ་ངན་པའོ། །
Domain གསོ་རིག

{{#arraymap:དན་ད་

|; |@@@ | | }}