25808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔག་བསམ་ཤིང་གི་ཆོས་བཅུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དཔག་བསམ་ཤིང་གི་ཆོས་བཅུ་ནི། དེ་བཞིན་གཤེགས་པས་འགྲོ་བའི་དོན་ཇི་ལྟར་མཛད་ཚུལ་མཚོན་བྱེད་ཀྱི་དཔེ་དཔག་བསམ་ཤིང་གི་ཆོས་བཅུ་སྟེ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། ཡང་དཔག་བསམ་ཤིང་དང་འདྲ་སྟེ། དེ་ལ་ཡང་ཆོས་བཅུ་སྟེ། སྔ་མ་བརྒྱད་ཀྱི་ཁར་བསིལ་བ་དང་། འགྲོ་བ་ངལ་སོས་པའི་གནས་སུ་གྱུས་པ་ལྟ་བུ་དང་བཅུའོ། །ཞེས་གསུངས་པ་ལྟར། སེམས་ཅན་གྱི་དོན་དགོས་འདོད་འབྱུང་བ་དང་། དེ་ཡང་གསོལ་བ་མ་བཏབ་ན་མི་འབྱུང་བ་དང་། བཏབ་ན་འབྱུང་བ་དང་། དུས་སུ་འབྱུང་བ་དང་། ཇི་ལྟར་འཚམས་པར་འབྱུང་བ་དང་། ཟད་མི་ཤེས་པར་འབྱུང་བ་དང་། རྟོག་པ་མེད་པར་འབྱུང་བ་དང་། ཕྱིས་ལན་ལ་རེ་བ་མེད་པ་བཅས་ཡིད་བཞིན་ནོར་བུའི་ཆོས་བརྒྱད་ཀྱི་སྟེང་། བསིལ་བ་དང་། འགྲོ་བ་ངལ་སོས་པའི་གནས་སུ་གྱུར་པ་བཅས་གཉིས་བསྣན་པས་དཔག་བསམ་ཤིང་གི་ཆོས་བཅུའོ། །
Domain ཆོས་ལུགས།

{{#arraymap:དཔག་བསམ་ཤིང་གི་ཆོས་བཅུ་

|; |@@@ | | }}