25830
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་ལྔ་པའི་མེ་བྱི་ཕྱི་ལོ་ ༡༢༧༦ ལོར་ལ་སྟོད་ལྷོའི་གྱམ་དུ་འཁྲུངས། ཡུམ་སྔ་མོ་ནས་གྲོངས། ལུག་གི་འོ་མས་གསོས། ཆུང་དུས་ནས་ཆོས་རྗེ་བྱང་གླིང་པ་དང་། གྲུབ་ཐོབ་ཨུ་རྒྱན་པ་གཉིས་ཀྱིས་བཤེས་གཉེན་ཆེན་པོ་ཞིག་འོང་གསུངས་ཏེ་བསྐྱངས། བདུན་པར་མཁན་ཆེན་གསེར་ཁང་པ་དང་། མེ་སྟོན་འདུལ་འཛིན་གཉིས་ལས་རབ་ཏུ་བྱུང་། འདུལ་བ་མདོ་རྩ་བསླབས། བཅུ་གསུམ་པར་བཤད་གསར་མཛད། སྟག་སྡེ་སེང་གེ་རྒྱལ་མཚན་གྱི་མདུན་དུ་ཕེབས། སྔགས་དང་མཚན་ཉིད་ཀྱི་སྡེ་སྣོད་མང་དུ་གསན། དུས་ཀྱི་འཁོར་ལོར་མཁས་པར་གྱུར། བཅུ་དགུ་བར་ལོ་ཙཱ་བ་མཆོག་ལྡན་ལས་སྒྲ་ཀ་ལཱ་པ་དང་། ཙནྡྲ་པ་བསླབས། སྙན་ངག་མེ་ལོང་ཡང་གསན། བལ་ཡུལ་དུ་སྔོན་རྗེས་ལན་གསུམ་ཕེབས། ལོ་ཙཱ་བ་བསླབས། སྔགས་དང་། མཚན་ཉིད་ཀྱི་གཞུང་མང་པོར་གཞི་འགྱུར་དང་། འགྱུར་བཅོས་མཛད། ཚད་མ་དང་མངོན་པ་སོགས་ཀྱི་ཊཱིཀྐ་ཡང་མང་དུ་བརྩམས། དབུས་སུ་བྱོན་ནས་ནེའུ་ཐོག་དང་། གུང་ཐང་། སྟག་ལུང་སོགས་སུ་སྡེ་སྣོད་འཛིན་པ་མང་པོར་བློ་མིག་ཕྱེས། བོ་དོང་ཨེའི་གདན་ས་ཡང་ཐོགས་ཤིག་མཛད། རེ་བདུན་པ་རབ་བྱུང་དྲུག་པའི་ཆུ་རྟ་ཕྱི་ལོ་ ༡༣༤༢ ལོར་བོ་དོང་ཨེར་དག་པའི་ཞིང་དུ་གཤེགས། སློབ་མ་གྲགས་ཆེ་བ་ནི་འཇམ་པའི་དབྱངས་དོན་ཡོད་རྒྱལ་མཚན་དང་། ཆོས་རྗེ་བསོད་ནམས་རྒྱལ་མཚན་སོགས་མང། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་དཔལ་རྡོ་རྗེ་སྙིང་པོ་རྒྱན་དང་། བསྟན་འགྱུར་ལས་དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་མི་གཡོ་བའི་སྙིང་པོ་སྣང་བ། རྣལ་འབྱོར་ཡན་ལག་དྲུག་གི་བརྗེད་བྱང་ཡོན་ཏན་གྱིས་འགེངས་པ། དབང་མདོར་བསྟན་གྱི་འགྲེལ་བ་དཔལ་དུས་ཀྱི་འཁོར་ལོ། སངས་རྒྱས་ཐམས་ཅད་པའི་རྒྱུད་ཀྱི་དཀའ་འགྲེལ་དེ་ཁོ་ན་ཉིད་ཀྱི་ཟླ་བ། དཔལ་ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས། འཕགས་མ་ནོར་རྒྱུན་མའི་མཚན་བརྒྱ་རྩ་བརྒྱད་པ། དཔལ་ནོར་རྒྱུན་མའི་སྨོན་ལམ། ལུང་དུ་སྟོན་པ་ཙནྡྲ་བའི་མདོའི་སྤྱིར་བཏང་བ་ཡང་དག་པར་བསྡུ་བ། ལུང་དུ་སྟོན་པ་ཙནྡྲ་པའི་ཏིང་ངའི་མཐའ་ཅན། འབྲེལ་བ་མདོར་བསྟན་པ་བཅས་བཞུགས། |
{{#arraymap:དཔང་ལོ་བློ་གྲོས་བརྟན་པ་
|; |@@@ | | }}